འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཀྲོའུ་ཅི་ཐང་ཆེན་དུ“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་འགོ་ཚུགས་ཀྱི་མཛད་སྒོ་གཉེར་བ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ལྗོངས་ཡོངས་ཀྱི“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་རིང་། ལྗོངས་ཡོངས་ཀྱིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་མཉམ་དུ་སྤེལ་ནས་མང་ཚོགས་ལ་ཕྱོགས་ཡོངས་དང་། ཟུར་ཚད་མང་བ། ཐག་ཉེ་བ་བཅས་ཀྱི་སྒོ་ནས་མེ་ཟོན་སློབ་སྦྱོང་དང་། ཤེས་རྟོགས། མཉམ་ཞུགས་བཅས་ཐུབ་པར་བྱས་ཏེ། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས་དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་བྱང་ཚད་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།