《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月26日

ལྷོ་བྲག་རྫོང་ཞིབ་དཔྱོད་ཁང་གིས་ན་སོ་དར་ལ་མ་བབས་པའི་མིར“མི་ཚེའི་སྲུང་སྐྱོང་འཛིང་རགས་དང་པོ”དེ་སྐྲུན་རོགས་བྱས་པ།

ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིར་ཕྱོགས་བསྡུས་ཁྲིམས་འཛིན་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་ན་སོ་དར་ལ་མ་བབས་པའི་མི་འཚར་ལོངས་ཡག་པོ་ཡོང་བར་ཕྱོགས་ཡོངས་ནས་དོ་ཁུར་དང་སྲུང་སྐྱོང་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིར“མི་ཚེའི་སྲུང་སྐྱོང་འཛིང་རགས་དང་པོ”དེ་སྐྲུན་རོགས་བྱས་པ་རེད།

ཞིབ་དཔྱོད་དང་སློབ་གྲྭ་མཉམ་འབྲེལ་གྱིས“འགོག་སྲུང་གྱང་རྩིག”བསྐྲུན་རྒྱུ་འགོ་འཛུགས་སར་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོ་སྤེལ་བའི“ནུས་འདུས་གདུབ་བུ”ཞིག་བཏོད་ཡོད། “དམིགས་འཛུགས་རྣམ་པའི”ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་ནས་རྫོང་གྲོང་གི་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་མི་འདྲ་བ་དང་ཚོགས་སྤྱི་མི་འདྲ་བའི་ཁྲིམས་སྐྱོང་གི་དགོས་མཁོ་དང་ཁྲིམས་སྐྱོང་སློབ་ཁྲིད་ཀྱི་ཁྱད་ཆོས་ལ་དམིགས་ནས“ཕྱིར་སྐྱོད་པ”དང“ནང་དུ་འདྲེན་པ”ཕྱོགས་གཉིས་ནས་ཤུགས་རྒྱག་པ་དང་། “མངགས་ཐོ་རྣམ་པ”དང“གནད་འཁེལ་རྣམ་པ”ཟུང་འབྲེལ་གཏིང་ཟབ། ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི“ལས་འགན་གཅིག་ལྕོག”གི་ནུས་པ་འདོན་སྤེལ། “ཞིབ་དཔྱོད་གྲོས་འགོ་ཨང་དང་པོ”དང་། བཙན་ཤེད་ཀྱི་སྙན་ཞུའི་ལམ་ལུགས། སློབ་གྲྭའི་གཏུམ་སྤྱོད་སྔོན་འགོག དམངས་ཡོངས་ཀྱིས་དུག་འགོག བསླུས་འགོག་དང་བཙན་གཡེམ་སྔོན་འགོག་སོགས་ཀྱི་ནང་དོན་ལ་དམིགས་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ་གནད་སྨིན་ཤུགས་འདོན་དང་སྔོན་འགོག་དམ་འཛིན་ཡག་པོ་བྱས་པ་རེད།

2023ལོ་ནས་བཟུང་། ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པའི་འཆད་ཁྲིད་དང་། ལད་མོའི་ཁྲིམས་ར། བཅའ་ཁྲིམས་ཤེས་བྱ་འགྲན་བསྡུར་སོགས་རྣམ་པ་སྣ་ཚོགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་སྒོ་ཐེངས་15ལྷག་ཙམ་སྤེལ་བ་རེད། རིམ་རྩིས་བརྒྱབ་ན་དགེ་སློབ་མི་ཐེངས་1000ལྷག་ཙམ་ལ་སློབ་གསོ་ཐེབས་ནས་ཁྲིམས་སྐྱོང་སློབ་གསོ་ཤེས་དཔལ་སློབ་གྲྭ་དང་དུས་བདེའི་སློབ་གྲྭ་འཛུགས་སྐྲུན་ལ་ཁྱབ་པར་སྐུལ་འདེད་ཐེབས་པ་རེད།

དུས་མཚུངས་སུ་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ལ་དམིགས་ནས། ཟས་རིགས་དང་སྨན་རྫས་དང་བདེ་འཇགས་ཐོན་སྐྱེད་སོགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཁུངས་སྣེར་གྲལ་བཤེར་བྱེད་པ་དང་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བརྒྱབ་ནས། “གྲོས་མོལ་ཚོགས་འདུ(ཞིབ་དཔྱོད་གྲོས་འགོ)དང་ཆེད་དོན་བྱ་སྤྱོད་ཟུང་དུ་འབྲེལ་བ”བརྒྱུད་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་གི“སྲུང་སྐྱོབ་གྱང”མཉམ་དུ་སྐྲུན་པ་དང་ན་སོ་དར་ལ་མ་བབས་པའི་མིས“ཐ་མག་མི་འཐེན་པ”དང“བདེ་འཇགས་ངང་སློབ་གྲྭར་འགྲོ་བའི་ལམ་བུ”མཉམ་དུ་བཏོད་པ་རེད།

ལྷོ་བྲག་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“སྤུས་ཕན་གཉིས་ལྡན་གྱི་གྱོད་གཞི་རེ་རེ་བཞིན་ཡག་པོ་བསྒྲུབ་རྒྱུ”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ངར་སེམས་ཆེར་བསྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱིས“ཁྲིམས་སྐྱོང”བྱེད་ཤུགས་ལ་བརྟེན་ནས་དམངས་འཚོའི“དྲོད་ཚད”མཐོ་རུ་གཏོང་བ་དང་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་ལམ་སྲོལ་ཁག་དོན་འཁྱོལ་བྱས་ཏེ་ཕྲུ་གུ་ཚང་མར་ཁྲིམས་སྐྱོང་གི་དྲོ་སྐྱིད་ལོངས་སུ་སྤྱོད་རྒྱུ་ཡོད་པ་བྱས་ཡོད། (བདེ་དབང་གིས་བསྒྱུར། བདེ་དབང་དང་བུ་ཁྲིད་ཀྱིས་ཞུས)