ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་དང་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དབར《སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་དང་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དབར་ཁྲིམས་འཛིན་བཀག་ཉར་དང་ཁྲིམས་ཐག་བཅད་པའི་ཉེས་ཅན་རྩིས་སྤྲོད་ལག་བསྟར་གྱི་གཟུཌ་པོ་བརྟག་དཔྱད་ཀྱི“ལྗང་མདོག་བགྲོད་ལམ”གྱི་མཉམ་ལས་གྲོས་མཐུན་ཡི་གེར》མིང་རྟགས་བཀོད་པ་རེད།
མཉམ་ལས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་རྗེས། སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་གིས་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་བཀག་ཉར་མི་སྣར་གཟུགས་པོ་བརྟག་དཔྱད་ཀྱི་ལྗང་མདོག་བགྲོད་ལམ་གཏོད་རྒྱུ་རེད།