《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月26日

བོད་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”དོན་འཁྱོལ་དང་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

ཞིང་ལས་ཐོན་རྫས་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ལོན་ཚད་98%ཡན་དང་བཟའ་བཅའི་བདེ་འཇགས་ཀྱི་གདེང་འཇོག་རང་བཞིན་གྱི་འཐེན་བཤེར་གྱི་ཚད་གཞི་ལོན་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཡུལ་བབ་དང་བསྟུན་པ་དང་། གྲུབ་འབྲས་ཕྱོགས་སྟོན། གློད་སྡོམ་ཟུང་འབྲེལ། ཁུར་པོ་ཡང་གཏོང་དང་ཕན་འབྲས་ཆེར་གཏོང་བཅས་མཐའ་འཁྱོངས་ཀྱིས་འགན་འཁྲི་དོན་འཁྱོལ་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་ལ་སྐུལ་འདེད་བཏང་བས། ཞིང་ལས་ཐོན་རྫས་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ལོན་ཚད་98%ཡན་དང་བཟའ་བཅའི་བདེ་འཇགས་ཀྱི་གདེང་འཇོག་རང་བཞིན་གྱི་འཐེན་བཤེར་གྱི་ཚད་གཞི་ལོན་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ནས། ས་ཁོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་བདེ་འཇགས་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོར་བསྲུངས་ཡོད།

ཏང་སྲིད་འགན་འཁྲི་གཅིག་མཚུངས་མཐའ་འཁྱོངས་ཀྱིས“འགན་འཁྲི་གཉིས”གཏིང་ཟབ་དང་ཏན་ཏིག་འཁུར་བར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་ནས་འགོ་ཁྲིད་གཙོ་བོ་འབྲེལ་ཡོད་སྡེ་ཚན་ལ་བསྐྱོད་དེ་བརྟག་ཞིབ་གཏིང་ཟབ་བྱས་པ་དང་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱིས“འགན་འཁྲི་གཉིས”དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས“འགན་འཁྲི་གཉིས”རྒྱུན་ཆད་མེད་པར་ནན་དུ་བཏང་བ་དང་། གྲོང་ཁྱེར(ས་ཁུལ)ཁག་དང་རྫོང(ཆུས)ཁག་གིས“འགན་འཁྲི་གཉིས”དོན་འཁྱོལ་དེ“འགོ་ཁྲིད་པ་ཨང་དང་པོའི”འདུ་འགོད་ལ་བརྩིས་ནས་ལྗོངས་ཡོངས་ཀྱི་ལས་བྱེད་པ་ཁྲི་1.7ལྷག་ཙམ་གྱིས་བཟའ་བཅའི་ཁེ་ལས་ཁྲི་6.5འགན་གཙང་ལེན་པར་སྐུལ་འདེད་བཏང་སྟེ“གཏོཌ་ཁོངས་ཀྱི་དོ་དམ་དང་། ལས་རིཌ་ཀྱི་ལྟ་སྐུལ་དོ་དམ། ཁེ་ལས་ཀྱི་བྱེད་པོ་བཅས་ཟུང་དུ་འབྲེལ་བའི”འགན་འཁྲི་དོན་འཁྱོལ་དང་སྦྲེལ་མཐུད་ནུས་ལྡན་བྱས་ཡོད།

སྲིད་ཇུས་ཀྱིས་སྔོན་ལ་ཁྲིད་སྟོན་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་འགན་འཁྲི་ལེགས་སྒྱུར་དོན་འཁྱོལ་བྱས་ཤིང་། ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་དོ་དམ་གཞུང་ལས་ཁང་གིས《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》སོགས་འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་གཞིར་བཟུང་། བཟའ་བཅའ་དང་འབྲེལ་བ་ཡོད་པའི་ལས་རིགས་དང་ཁྱབ་ཁོངས་ཀྱི་གཙོ་གཉེར་སྡེ་ཚན་སྔར་བས་ཁ་གསལ་བཟོས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ལས་ཀའི་སྒྲིག་སྲོལ》དང《བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པའི་འགན་འཁྲི་གཙོ་བོ》བཟོ་བཅོས་པར་འགྲེམས་བྱས་ནས། ལས་རིགས་གཙོ་གཉེར་དོ་དམ་གྱི་འགན་འཁྲི་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲིའི་དབྱེ་མཚམས་སྔར་བས་ཁ་གསལ་བཟོས་ཡོད། བཟའ་བཅའི་བདེ་འཇགས་ཀྱི་གཏོགས་ཁོངས་དོ་དམ་གྱི་འགན་འཁྲིའི་ལས་ཀའི་ལམ་སྲོལ་སྔར་བས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་གཞུང་དོན་ཁང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འཕྲལ་མར་ཐེང་ཤུན་བརྙན་ལམ་ཚོགས་འདུ་བརྒྱུད་དྲ་ཐོག་ནས་གསལ་འགྲེལ་བྱས་པ་དང་འབྲེལ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འགན་གཙང་འགན་ལེན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལག་དེབ་བཟོས་ནས། བཟའ་བཅའི་བདེ་འཇགས་ཀྱི་གཏོགས་ཁོངས་དོ་དམ་གྱི་འགན་འཁྲིའི་ལས་ཀའི་ལམ་སྲོལ་སྔར་བས་ལེགས་སུ་བཏང་ནས་དོན་འཁྱོལ་བྱས་ཡོད།

བྱ་ཐབས་སྣ་མང་སྤྱད་དེ་གསོ་སྦྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས“འགན་འཁྲི་གཉིས”ཀྱི་ལས་ཀའི་རྨང་གཞི་བརྟན་དུ་བཏང་ཞིང་། ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་གཞུང་ལས་ཁང་གིས《འགན་གཙང་འགན་ལེན་ལས་བྱེད་པས་ས་གནས་ས་ཐོག་ཏུ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཐབས》བཟོས་ནས་འགན་གཙང་འགན་ལེན་ལས་བྱེད་པར་ས་གནས་ས་ཐོག་ཏུ“གང་ལ་ལྟ་བ་དང་། གང་ལ་ཞིབ་བཤེར་བྱེད་པ། གང་ཞིག་སྙན་སེང་ཞུ་བ”བཅས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་འབྲེལ། གནད་དོན་བརྡ་ཁྱབ་དང་ཐག་གཅོད་ཀྱི་ལམ་སྲོལ་བཙུགས་ནས་འགན་གཙང་འགན་ལེན་ལྟ་སྐུལ་མཛུབ་ཁྲིད་ཀྱི་གནད་དོན་ཤེས་རྟོགས་ཐུབ་ཚད་དང་དག་ཐེར་བྱེད་ཚད་ཆེ་རུ་བཏང་བ་རེད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་འགན་གཙང་འགན་ལེན་ལས་བྱེད་པ་ཁྲི་1.7ལྷག་ཙམ་གྱིས་རིམ་རྩིས་བརྒྱབ་ན། བྱེད་པོ་ཐེངས་ཁྲི་24.27ལྷག་ཙམ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། གནད་དོན་ཁྲི་7.76ལྷག་ཙམ་ཤེས་རྟོགས་བྱུང་བ། གནད་དོན་ཁྲི་7.49ལྷག་ཙམ་ཐག་གཅོད་བྱས་པ། ལྟ་སྐུལ་མཛུབ་ཁྲིད་དང་དག་ཐེར་བྱེད་ཚད་96.52%ཟིན་ཡོད་པ་རེད།