འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་སྐྱེལ་འདྲེན་བྱ་སྤྱོད་ལ་སྔར་བས་བཅོས་སྒྲིག་བྱ་ཆེད། ཉེ་ཆར་ལྷུན་གྲུབ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་གྱོད་གཞི་ཞིག་བདེ་བླག་ངང་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ལྷུན་གྲུབ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་མཉམ་དུ་རྒྱལ་ལམ་G561གི་ཞིབ་བཤེར་ས་ཚིགས་4པར་ཁྲིམས་སྒྱུར་ཞིབ་བཤེར་བྱེད་སྐབས། ངག་ཆེ་གེ་མོས་འཁོར་རྟགས་བོད་BG0***ཅང་ཧོའེ་རྟགས་ཅན་གྱི་རླངས་འཁོར་ཆུང་གྲས་ཤིག་བཏང་སྟེ་ལྷ་ས་གྲོང་ཁྱེར་ནས་ལྷུན་གྲུབ་རྫོང་ཐང་མགོ་ཤང་དུ་འགྲོ་མཁན་ཡིན་པ་དང་རླངས་འཁོར་ནང་མི་དགུ(ཁ་ལོ་བ་ཚུད་པ)ཡོད་པ་ཤེས། བརྟག་དཔྱད་བྱས་པ་བརྒྱུད། རླངས་འཁོར་དེའི་ནང་འགྲུལ་པ་བརྒྱད་ཡོད་པ་དང་མི་རེ་ནས་བདལ་གླ་སྒོར་100བླངས་པར་ཁྱོན་སྒོར་800ཟིན་གྱི་ཡོད་པ་རེད། དེ་ཡང་འཁོར་རྟགས་བོད་BG0***ནི་འགྲུལ་སྐྱེལ་རླངས་འཁོར་མིན་པ་མ་ཟད། 《གཞུང་ལམ་སྐྱེལ་འདྲེན་གྱི་ལག་ཁྱེར》ཡང་མེད་པས། དོ་བདག་ངག་ཆེ་གེ་མོས་གཞུང་ལམ་སྐྱེལ་འདྲེན་གྱི་ཆོག་མཆན་མ་ཐོབ་པར་རང་དགར་འགྲུལ་པ་སྐྱེལ་བའི་དོགས་གཞི་ཡོད་པ་རེད། ལྷུན་གྲུབ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་བརྟག་དཔྱད་བྱས་པ་བརྒྱུད། དོ་བདག་ལ་འཁོར་རིགས་སྐྱེལ་འདྲེན་ལག་ཁྱེར་མེད་པ་ཤེས་རྟོགས་བྱུང་བ་དང་དོ་བདག་གིས་ཀྱང་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱས་པ་ཁས་བླངས་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་སྐྱེལ་འདྲེན་སྲོལ་ཡིག》གི་དོན་ཚན་རེ་གཉིས་པའི་གཏན་འབེབས་ལྟར། ངག་ཆེ་གེ་མོས་བཏང་བའི་འཁོར་རྟགས་བོད་BG0***ཡི་རླངས་འཁོར་བཙན་ཉར་བྱས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་དོ་བདག་ལ་གསལ་འདེབས་དང་། དག་འབུད། སྲིད་འཛིན་བསྐྱར་གྲོས། སྲིད་འཛིན་གཏུག་བཤེར་བཅས་བྱེད་དབང་ཡོད་པ་གསལ་བཤད་བྱས་ཤིང་། དོ་བདག་གིས་ཞུ་གཏུག་དང་དག་འབུད་ཀྱི་བསམ་འཆར་མེད་ཚུལ་བཤད་པ་རེད།
ལྷུན་གྲུབ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་སྐྱེལ་འདྲེན་སྲོལ་ཡིག》གི་དོན་ཚན་རེ་གསུམ་པའི་གཏན་འབེབས་གཞིར་བཟུང་། དོ་བདག་ལ་སྲིད་འཛིན་ཆད་པ་སྒོར་ཁྲི་1བཅད་པ་རེད། དོ་བདག་ངག་ཆེ་གེ་མོས་2024ལོའི་ཟླ་10ཚེས་11ཉིན་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་ལག་བསྟར་བྱས་ནས་དངུལ་ཆད་བསྐྱལ་བས་གྱོད་གཞི་དེ་ཐག་གཅོད་བྱས་ཟིན་པ་རེད།