《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月19日

མལ་གྲོ་གུང་དཀར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་སློབ་གྲྭར་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཉེ་ཆར། མལ་གྲོ་གུང་དཀར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་སློབ་གྲྭར་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་སློབ་མ་རྣམས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དེབ་སྤྲད་པ་དང་ཆབས་ཅིག མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གི་སློབ་མ་50ལྷ་ས་གྲོང་ཁྱེར་ལོ་ཆུང་དོ་དམ་སུའོ་རུ་ལྟ་སྐོར་ལ་ཁྲིད་དེ། ཁྲིམས་འཛིན་གྱི་བརྒྱུད་རིམ་ལ་ཤེས་རྟོགས་བྱས་ནས་བཅའ་ཁྲིམས་ཀྱི་དབང་གྲགས་དང་གཞུང་དྲང་ཚོར་བར་བྱས་ཡོད། འདི་ནི་ཆེད་དོན་འཆད་ཁྲིད་བྱ་ཡུལ་ཡིན་པ།