འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་སའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཀྲི་པུའུ་ཁག་གིས་ཆེད་དོན་ཏང་གི་སློབ་ཚན་དང་། དྲ་ཐོག་ནས་དྲིས་ལན་འདེབས་པ། ལྟ་སྐོར་སློབ་སྦྱོང་། ཆེད་དོན་ཁྲིམས་ལུགས་ཁྱབ་གདལ། རིག་གནས་སྤེལ་རེས་བཅས་ཀྱི་བྱེད་སྟངས་ཐོག་ནས་མི་དམངས་ཉེན་རྟོག་པ་ཡོངས་སྒྲིག་འཛུགས་བྱས་ཏེ“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་ལེའུ་རྩོམ་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།