འདི་ག་ཚགས་པར་ཁང་དུ་ཆུ་ཤུར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་གྲོང་ཚོས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་མཐའ་སྲུང་མཐའ་བརྟན་གྱི་སྔོན་ཐོན་བྱས་རྗེས་ཀྱི་སྒྲོག་འགྲེལ་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི། ཚོགས་ཆུང་ཁག་གི་ཀྲི་པུའི་ཧྲུའུ་ཅི། ཙུའུ་ཀྲང་ཁག མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། གཉིས་ལྡན་དུད་སྦྲེལ་གྱི་འཐུས་མི། མང་ཚོགས་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
སྒྲོག་འགྲེལ་བྱེད་སྒོ་སྤེལ་སར། གནམ་གྲོང་ཚོའི་གཞི་རིམ་རྐང་འཛིན་གྱི་སྒྲོག་འགྲེལ་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆ་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གི་མཐའ་མཚམས་ས་ཁུལ་དུ་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་དཀའ་ཚེགས་ཆེ་བའི་ཁོར་ཡུག་ལ་མི་སྐྲག་པར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་དང་། ཁོང་ཚོས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མཐའ་མཚམས་ས་ཆར་བྱ་སྤྱོད་དངོས་ཀྱི་ཐོག་ནས་མེས་རྒྱལ་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་དང་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གྱི་ས་ཆ་སྲུང་སྐྱོང་བྱས་པའི་སྐོར་བརྗོད། བཀྲ་ཤིས་ཕུན་ཚོགས་ཀྱིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གི་བྱ་སྤྱོད་དངོས་ལས་མཚོན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས། ཁྱིམ་གཞིས་བརྟན་སྲུང་གི་སྙིང་སྟོབས་བཅས་གཙོ་གནད་ཐོག་བརྗོད་པ་རེད། གྲོང་མི་ཚོས་གཏམ་རྒྱུད་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་པ་དང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གི་སྙིང་རུས་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ལ་ཡིད་རང་ཆེན་པོ་སྐྱེས། ཚང་མས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་མིག་དཔེར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་དང་སེམས་ཁྲལ་མཉམ་ཁུར་དང་རང་འགན་གཙང་སྒྲུབ་ཀྱི་སྙིང་སྟོབས་དང་བླ་ན་མེད་པའི་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་གཅེས་ཁྱིམ་སྐྱོང་བྱས་ནས་གྲོང་ཚོའི་ཞི་མཐུན་བརྟན་ལྷིང་དང་མཐའ་སྲུང་འཛུགས་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།