《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月29日

སྙིང་སྟོབས་བྲག་ལས་བརྟན། མཐའ་མཚམས་བརྟན་པོར་བསྲུངས།

བོད་ཀྱི་མཐའ་མཚམས་སུ་ལས་གནས་བརྟན་སྲུང་བྱེད་བཞིན་པའི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་ཚོས་ལྕགས་ཀྱི་གྱད་མི་ཇི་བཞིན་ཁུ་སིམ་མེར་རྒྱལ་མཚམས་ཀྱི་དུས་བདེ་དང་བརྟན་ལྷིང་སྲུང་བཞིན་ཡོད་ཅིང་། ཁོང་ཚོས་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་དང་དེ་བཞིན་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་ཚོ་དང་སེམས་མཐུན་ལག་གདང་སྦྲེལ་ནས་ཕན་ཚུན་ལྟ་རེས་དང་སྐྱོང་རེས་བྱས་ཏེ། མཐའ་མཚམས་སུ་ཇི་སྲིད་བར་རྣམ་པར་བཞད་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཅིག་བཏབ་ཡོད།

པར①ནི་སྐྱེམས་སྟོང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་སྐོར་གཡེང་བྱེད་བཞིན་པ།

པར②ནི་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བཏབ་པའི་སྔོ་ཚལ་མང་ཚོགས་ལ་སྐྱེལ་བཞིན་པ།

པར③ནི་སྐྱེམས་སྟོང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་བཙུགས་པའི་ཉེན་དོན་ཁང་གི་འགན་ནུས་ངོ་སྤྲོད་བྱེད་བཞིན་པ།

པར④ནི་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་རྒན་རྒོན་གྱི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།

པར⑤ནི་སྐྱེམས་སྟོང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཆེད་མངགས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་ལག་ཁྱེར་སྤྲོད་བཞིན་པ།

པར⑥ནི་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ས་གནས་ཀྱི་མང་ཚོགས་ལ་སྔོ་ཚལ་འདེབས་སྟངས་སློབ་བཞིན་པ།

པར⑦ནི་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཡུལ་མིའི་སྒོ་རྩར་ཆུ་སྐྱེལ་བཞིན་པ།