འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་རྒྱལ་རྩེ་རྫོང་མི་དམངས་སྲིད་གཞུང་དང་མཉམ་དུ་2024ལོའི་གཞིས་རྩེ་གྲོང་ཁྱེར་གྱི་མྱང་ཆུ་རྒྱུག་ཁུལ་གྱི་རྒྱལ་རྩེ་དུམ་བུའི་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་བདེ་བླག་ངང་བྱས་ཤིང་། འབྲེལ་ཡོད་ཚན་པའི་མི་90ལྷག་ཙམ་ད་ཐེངས་ཀྱི་ནང་སྦྱོང་ལ་ཞུགས་པ་རེད།
ད་ཐེངས་ཀྱི་ནང་སྦྱོང་གིས་རྨང་གཞི་བརྟན་གཏོང་དང་། ཞན་ཆ་སེལ་བ། བཀོལ་སྤྱོད་ལ་སྐུལ་འདེད། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི“བཀོད་འདོམས”ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཐོལ་བྱུང་གི་ཆུའི་སྦགས་བཙོག་དོན་རྐྱེན་ལ་ཁ་གཏད་གཅོག་ནུས་ལ་ཞིབ་བཤེར་བྱས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཙོ་གནད་ཆུ་བོའི་ཐོལ་བྱུང་གི་ཆུའི་སྦཌ་བཙོག་དོན་རྐྱེན་གྱི་ཁོར་ཡུག་འཕྲལ་སྡོམ་གྱི“ཆུ་བོ་གཅིག་དང་། སྲིད་ཇུས་གཅིག འཆར་གཞི་གཅིག”བཅས་ཀྱི་གྲུབ་འབྲས་དོན་འཁྱོལ་གྱིས་ཕན་འབྲས་ཐོན་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།