ཉེ་ཆར། བྲག་གཡབ་རྫོང་སྤྱི་བདེ་ཅུས་འཁོར་རྭ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་བསྐྱོད་དེ“ཚད་ལྡན་གཅིག་དང་དངོས་ཡོད་གསུམ”(དེ་ནི་ཚད་ལྡན་ས་ཆ་གཅིག་དང་། དངོས་ཡོད་མི་འབོར། དངོས་ཡོད་ཁང་པ། དངོས་ཡོད་ཚན་པ་བཅས་ལ་ཟེར)གྱི་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུའི་ལས་དོན་སྤེལ་ནས། སྟབས་བདེ་ལ་གོ་བདེ་བའི་སྐད་ཆའི་ཐོག་ནས་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་ཞིང་འབྲོག་མང་ཚོགས་ཚོར“ཚད་ལྡན་གཅིག་དང་དངོས་ཡོད་གསུམ”གྱི་དོན་སྙིང་གལ་ཆེན་འགྲེལ་བཤད་བརྒྱབ་པ་རེད།
གོམ་སྟབས་རྗེས་མར་འཁོར་རྭ་མངགས་གཏོང་ཁང་གིས་མང་ཚོགས་དབར་འབྲེལ་བ་དམ་ཟབ་བྱས་ནས“ཚད་ལྡན་གཅིག་དང་དངོས་ཡོད་གསུམ”གྱི་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུ་དང་དྲིལ་བསྒྲགས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཉེན་རྟོག་ལས་དོན་ལ་གཞོགས་འདེགས་བྱེད་པར་གྲངས་གཞིའི་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
འདི་ནི་མི་དམངས་ཉེན་རྟོག་པས་འཚོལ་བསྡུའི་ལས་དོན་སྤེལ་བཞིན་པ།