ཉེ་བའི་ལོ་ཤས་རིང་། རང་ལྗོངས་སུ་ས་གནས་ཁག་གི་གྲོང་གསེབ་ཡུལ་སྐོར་དང་ལྷག་པར་དུ་དམངས་སྲོལ་གནས་ཚང་གཉེར་མཁན་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནི་ལྷ་མོ་རྒྱུན་འཛིན་བྱ་ཡུལ་ཞིག་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། རྒྱ་ཆེའི་ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱ་ཆེད། སྣེ་གདོང་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཡུལ་བབ་དང་བསྟུན་ཏེ་མེ་ཟོན་བདེ་འཇགས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་མེ་ཟོན་གྱི་དྲིལ་བསྒྲགས་བྱེད་སྟངས་ཕུན་སུམ་ཚོགས་སུ་བཏང་བ་བརྒྱུད། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་མེ་ཟོན་བདེ་འཇགས་རིམ་སྤོར་བྱས་ནས་གྲོང་ཁྱེར་རིམ་པའི་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་དམངས་སྲོལ་གནས་ཚང་གི་གྲོང་ཚོ་ཐོག་མ་དེ་བཏོད་པ་རེད།
པར་①ནི་མེ་ཟོན་བཀོད་འཐབ་པས་དུད་ཚང་དུ་བསྐྱོད་ནས་ཞིབ་བཤེར་བྱས་ཏེ་དམངས་སྲོལ་གནས་ཚང་གཉེར་མཁན་ཁྱིམ་དུད་ལ་མེ་གསོད་ཡོ་བྱད་བེད་སྤྱོད་གཏོང་སྟངས་འགྲེལ་བཤད་རྒྱག་བཞིན་པ།
པར་②ནི་མེ་ཟོན་དྲིལ་བསྒྲགས་པས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་མེ་ཟོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།
པར་③ནི་མེ་ཟོན་བཀོད་འཐབ་པས་མེ་གསོད་རོགས་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་བྱེད་བཞིན་པ།