《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཀླུ་སྒུག་སྡེ་ཁུལ་དུ་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

འདི་ནི་ལས་ཐོག་ཏང་ཡོན་གྱིས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་དུ“བྱ་སྤྱོད་མྱུར་དུ་སྤེལ། དྲན་སེམས་ཀྱི་འོད་སྣང་འཚེར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

མང་ཚོགས་ཀྱི་རེ་འདུན་ཆུང་ངུ་དེ་ཏང་ཡོན་གྱིས་བསྒྲུབས་པ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཉེ་དུས་ཀླུ་སྒུག་སྡེ་ཁུལ་གྱིས“ཐོབ་ཐང་དང་། འགན་འཁྲི། ཁས་ལེན་བཅས་གསལ་སྟོན”དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”སོགས་ཀྱི་བྱེད་སྒོ་བསྟུད་མར་སྤེལ་བ་དང་། “ཐོ་བཀོད་གཉིས་དང་ཞབས་ཞུ་གཉིས”གཞི་རྟེན་དུ་བྱེད་པ། ལས་ཐོག་ཏང་ཡོན་གྱི་ལེགས་ཆ་དང་དགེ་མཚན་འདོན་སྤེལ་གང་ལེགས་བཅས་བྱས་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་། སྡེ་ཁུལ་གྱི་དྲ་མིག་པས་བགྲེས་སོང་གི་དགོས་མཁོ་བསྡུ་རུབ་བྱས་རྗེས་གསེད་བཀྲོལ་ཞིབ་ཚགས་བྱས་ནས“འདུན་པ་ཆུང་ངུ”ཡི་ཐོ་གཞུང་བཙུགས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་ཐོག་ཏང་ཡོན་དང་བླངས་པས་དང་ལེན་ཧུར་ཐག་ཞུས་ཏེ་སྡེ་ཁུལ་གྱི་བགྲེས་སོང་13གྱི“འདུན་པ་ཆུང་ངུ”རྩིས་ལེན་བྱས་པ་དང་ཆབས་ཅིག གྲ་སྒྲིག་བྱས་ཟིན་པའི་འབྲས་བཙོས་གློག་ཁོག་དང་ཇ་བསྲུབས་གློག་དོང་དག་མི་13ལ་སྤྲད་པ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་པ་རེད།

བྱེད་སྒོ་སྤེལ་རིང་། ལས་ཐོག་ཏང་ཡོན་གྱིས་དྲིལ་བསྒྲགས་བྱང་བུ་དང་། དྲིལ་བསྒྲགས་དངོས་རྫས། ངོ་འཕྲད་ཚན་རིག་ཁྱབ་གདལ་སོགས་ཀྱི་དྲིལ་བསྒྲགས་བྱེད་སྟངས་སྤྱད་དེ་འགྲོ་འོང་བྱེད་མཁན་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སྐུལ་སློང་བཅའ་ཁྲིམས》སོགས་རྒྱལ་སྲུང་སློབ་གསོའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་སྦྱོང་བྱས་ཏེ་སྡེ་ཁུལ་གྱི་གྲོང་མིའི་རྒྱལ་གཅེས་བརྩེ་སེམས་སྐུལ་སྤེལ་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་གྲོང་མིར་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་འབོད་སྐུལ་བྱས་པ། རྒྱལ་སྲུང་འདུ་ཤེས་དང་རྒྱལ་ཁབ་ཀྱི་གཟི་ཁྲལ་ལྟ་བ་བཙུགས་པ། མི་དམངས་མཐུན་སྒྲིལ་དང་གོང་བུ་སྒྲིལ་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཞི་བདེ་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱས་པ་རེད།