《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

སྣ་དཀར་རྩེ་རྫོང་གིས།

མི་དམངས་འདུམ་འགྲིག་པར་འབྲེལ་ཡོད་ཤེས་བྱ་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་སྣ་དཀར་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྣ་དཀར་རྩེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་བོད་ལྗོངས་དངོས་གྲུབ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པ་གདན་དྲངས་ནས། ཕུ་མ་བྱང་ཐང་ཤང་དུ“ཁྲིམས་ཤེས་པ”དང་མི་དམངས་འདུམ་འགྲིག་པའི་ཆེད་དོན་གསོ་སྦྱོང་བྱས་པ་རེད།

ད་རེས་ཀྱི་གསོ་སྦྱོང་ལ“ཁྲིམས་ཤེས་པ”དང་མི་དམངས་འདུམ་འགྲིག་པའི་ལས་སྒོའི་ཞན་ཆ་དང་ནུས་པ་ཉམས་ཞན་ལ་དམིཌ་ཏེ། རྒྱུན་མཐོང་གི་བཅའ་ཁྲིམས་གནད་དོན་རེ་རེ་བཞིན་ལ་ལན་བརྒྱབ་པ་དང་ལྷག་པར་དུ་ཞིང་ལས་དང་འབྲེལ་བ་ཡོད་པའི་ཐད་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དང་གྱོད་དཔེ་དྲངས་ནས་ཁྲིམས་བཤད་དེ“ཁྲིམས་ཤེས་པ”དང་མི་དམངས་འདུམ་འགྲིག་པས་ཇི་ལྟར་བྱས་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་ཡང་དག་སྤྱད་དེ་བཅའ་ཁྲིམས་དྲིལ་བསྒྲགས་དང་འགལ་ཟླ་དང་རྩོད་གཞི་སེལ་བ་སོགས་ཀྱི་གྲོང་གསེབ་ཀྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་རེད། མཇུག་ཏུ་ལས་དོན་པས་གསོ་སྦྱོང་ལ་ཞུཌ་མཁན་སློབ་མར“འཚོ་བའི་ཁྲོད་ཀྱི་དམངས་དོན་ཁྲིམས་གཞུང”དང“ཁྲིམས་ཤེས་པ”སོགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་ཀློག་དེབ་དང་དྲིལ་བསྒྲགས་ཀྱི་དངོས་པོ་སྣ་ཚོགས་སྤྲད་པ་རེད།