《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ཟླ་11ཚེས་1ཉིན་ནས་བཟུང་།

ལྷ་ས་གྲོང་ཁྱེར་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ ཁག་གཉིས་ལག་བསྟར་བྱ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲཌ་ཚོཌ་འདུ་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་9ཚེས་26ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོཌ་འདུ་ཐེངས་བཅུ་གཉིས་པའི་ཐོག གསར་དུ་བཟོས་པའི《ལྷ་ས་གྲོང་ཁྱེར་གྱི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་དོ་དམ་སྲོལ་ཡིག》དང《ལྷ་ས་གྲོང་ཁྱེར་གྱི་ཨར་སྐྲུན་གད་སྙིགས་དོ་དམ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་ནས་2024ལོའི་ཟླ་11ཚེས་1ཉིན་ནས་བཟུང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཉིས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

ལྷ་ས་གྲོང་ཁྱེར་གྱི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ཐད་གྲོང་ཁྱེར་གྱི་ཆ་ཤས་སུ་ཆུ་ལོག་དང་འཁྱིལ་ཆུའི་གནོད་སྐྱོན་ཐོན་ཉེན་ཆེ་ཙམ་དང་། བཙོག་ཆུ་བསྡུ་རུབ་གཙང་གསིང་བྱེད་ནུས་ཞན་པ། ཆུ་ཁོངས་ཀྱི་འདམ་རའི་འགྱིག་བལ་ནུས་པར་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

《ལྷ་ས་གྲོང་ཁྱེར་གྱི་ཨར་སྐྲུན་གད་སྙིགས་དོ་དམ་སྲོལ་ཡིག》ནང་ཨར་སྐྲུན་གད་སྙིགས་གཙང་སེལ་གྱི་འགན་འཁྲིའི་བྱེད་པོ་ཁ་གསལ་བཟོས་པ་མ་ཟད། ཨར་སྐྲུན་གད་སྙིཌ་གཙང་སེལ་གྱི་བརྒྱུད་རིམ་ཧྲིལ་པོའི་ཟླུམ་འཁོར་དོ་དམ་འགན་ལེན་བྱེད་པ་དང་། ཨར་སྐྲུན་གད་སྙིཌ་འབྱུང་རྩ་ནས་ཉུང་དུ་གཏོང་བ་དང་བསྐྱར་སྤྱོད་ལ་སྐུལ་ལྕག་བྱེད་པ། ཨར་སྐྲུན་གད་སྙིགས་གཙང་སེལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།