《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

གོ་འཇོ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

སློབ་གྲྭར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་ཁྱབ་གདལ་བཏང་བ།

འདི་ནི་མེ་ཟོན་མི་སྣས་སློབ་མར་མེ་གསོད་ཡོ་བྱད་སྤྱོད་སྟངས་འགྲེལ་བཤད་རྒྱག་བཞིན་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཚན་རིག་ཤེས་བྱ་སྔར་བས་ཁྱབ་གདལ་བཏང་ནས། རྒྱ་ཆེའི་དགེ་སློབ་ཚོའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་གོ་འཇོ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་ལྟེ་བའི་སློབ་ཆུང་དུ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། མེ་ཟོན་བཀོད་འཐབ་པས་ཉེ་བའི་ལོ་ཤས་རིང་གི་སློབ་གྲྭའི་མེ་སྐྱོན་གྱི་དཔེ་མཚོན་དང་ཟུང་འབྲེལ་བྱས་ཏེ་མེ་སྐྱོན་གྱི་རྒྱུ་རྐྱེན་གཙོ་བོ་དང་། མེ་གསོད་སྟངས་ཀྱི་གཞི་རྩའི་བྱ་ཐབས། མེ་གསོད་ཡོ་བྱད་ཀྱི་རིགས་དང་ལས་ཀའི་གཞུང་ལུགས། མེ་སྐྱོན་ཐོན་སྐབས་ཉེན་བརྡ་གཏོང་སྟངས། སྲོག་ཐར་རང་སྐྱོབ་བྱེད་སྟངས་སོགས་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་གོ་བདེ་པོའི་ངང་འགྲེལ་བཤད་བརྒྱབ་པ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་གཤེར་གནོན་ཕུབ་དང་གཤེར་གནོན་ཤུད་ཀ་སོགས་ཆེད་ལས་ཡོ་བྱད་ཀྱང་བཀོལ་སྤྱོད་བྱས་པ་རེད།