《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས།

ལོ་གསུམ་རིང་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱི་གྱོད་གཞི་590བདག་སྤྲོད་བྱས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ས་ཁོངས་ཀྱི་ཁྱད་ཆོས་དང་ཞིབ་དཔྱོད་ཀྱི་དོན་དངོས་ལ་གཞི་བཙུགས་ཏེ་འབིགས་བརྟོལ་རྣམ་པའི་ལྟ་སྐུལ་གྱི་འདུ་ཤེས་ལག་ལེན་བསྟར་བ་དང་ཆེད་དོན་བྱེད་སྒོའི“འཇུག་སྒོ་ཆུང་ངུར”བརྟེན་ནས་གནད་སྨིན་ཤུགས་འདོན་གྱིས་གཙོ་གནད་ཁྱབ་ཁོངས་ཀྱི“དམངས་འཚོ་ཆེན་པོ”སྲུང་སྐྱོང་བྱས་པ་དང་། ལོ་གསུམ་རིང་། སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱི་གྱོད་གཞི་590བདག་སྤྲོད་བྱས་པ་རེད།

ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་སྲིད་འཛིན་ཞིབ་དཔྱོད་ལ་ལྟ་སྐུལ་བྱས་པ། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པའི“ཁྱོན་ཡོངས་ལ་ཁྱབ་པ་ལྔའི”ལམ་ལུགས་དོན་འཁྱོལ་ལ་དམ་པོར་དམིགས་ནས་གྲོང་ཁྱེར་མི་སྤྱི་ཅུས་དང་འབྲེལ་སྦྱོར་གྱིས《སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱི་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ་དང་། 《ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་བཅོས་སྒྲིག་བྱེད་པའི་ལས་ཀའི་གཞོགས་འདེགས་ལམ་སྲོལ་འཛུགས་རྒྱུའི་སྐོར》ལ་མིང་རྟགས་མཉམ་འགོད་ཀྱིས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་སྔོན་འགོག་བྱས་པ། མི་སྤྱི་དང་། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ། ཆུ་བེད་སོགས་སྡེ་ཚན་གྱིས་ཁྱོན་ཡོངས་ལ་ཁྱབ་པའི་ལམ་ལུགས་དོན་འཁྱོལ་བྱས་པར་ལྟ་འདོམས་བྱེད་པའི་སྐྱོན་ཆ་དང་ལས་རིགས་ཀྱི་ཡོངས་ཁྱབ་གནད་དོན་དང་འབྲེལ་བའི་གྱོད་གཞི་44བདག་སྤྲོད་བྱས་ནས་ཞིབ་དཔྱོད་གྲོས་འགོ་38བཟོས་ནས་བཏོན་པ་རེད། སྒྲུབ་གཉེར་བྱས་པའི་མི་སྤྱི་དང་སྡོད་ཁང་འཛུགས་སྐྲུན་སོགས་སྲིད་འཛིན་ལས་ཁུངས་ལ་ལྟ་སྐུལ་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་འགན་ལེན་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་བཏང་བའི་ལྟ་སྐུལ་གྱོད་གཞི་དེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“རྒྱལ་ཡོངས་ཀྱི་སྲིད་འཛིན་ཞིབ་དཔྱོད་རིགས་ཀྱི་ཕུལ་བྱུང་གྱོད་གཞི་བརྒྱར”བདམས་པ་རེད།

བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྐྱེལ་འདྲེན་ཁྲིམས་སྒྱུར་ཁྱབ་ཁོངས་དང་། མེ་ཟོན་སྒྲིག་གཞིའི་སྲིད་འཛིན་ཁྲིམས་སྒྱུར་བཅས་ལ་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་བྱས་པ། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་མཉམ་དུ《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྐྱེལ་འདྲེན་ཁྲིམས་སྒྱུར་ཁྱབ་ཁོངས་ཀྱི་སྲིད་འཛིན་ཞིབ་དཔྱོད་ཆེད་དོན་ལྟ་སྐུལ་ལས་དོན་སྐོར་གྱི་མཐུན་སྦྱོར་ལམ་སྲོལ》ལ་མིང་རྟགས་ལྷན་འགོད་བྱས་ནས། ཞིབ་དཔྱོད་ལྟ་སྐུལ་དང་སྲིད་འཛིན་ཁྲིམས་སྒྱུར་སྦྲེལ་མཐུད་ནུས་ལྡན་ཐུབ་པར་བྱས་པ་དང་། སྤྱི་པའི་བགྲོད་ལམ་འགྲིམ་འགྲུལ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། མེ་ཟོན་སྒྲིག་གཞི་བཅས་ཀྱི་སྲིད་འཛིན་ཆད་གཅོད་གྱོད་གཞིར་དམ་པོར་དམིགས་ནས་ཁྲིམས་སྒྱུར་ཡིག་ཁུག་856བསྡུ་ལེན་བྱས་ནས“གྱོད་གཞི་རེར་གདེང་འཇོག་རེ”དང་། “གྱོད་གཞི་རེར་རྩིས་ཐོ་རེ” “གནད་དོན་རིགས་རེར་རྩིས་ཐོ་རེ” “ཚན་པ་རེར་ཕྱོགས་བསྡུས་རྩིས་ཐོ་རེ”བཅས་ཀྱི་རྣམ་པ་ནས་ཞིབ་བཤེར་བྱས་རྗེས་ཞིབ་དཔྱོད་གྲོས་འགོ་31ཟླ་སྒྲིལ་བཏང་ནས་བཏོན་ཏེ་སྲིད་འཛིན་ལས་ཁུངས་ཀྱིས་སྐྱོན་ཆ་འགོག་པ་དང་། ལས་རིམ་ཚད་ལྡན་དུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་ལ་སྐུལ་འདེད་བཏང་བ་རེད།

ཁྱབ་ཁོངས་གཞན་དག་ལ་ལྟ་སྐུལ་བྱས་པ། རྫོང་ཁོངས་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་པ་དང་། ཁྲོམ་ར་ལྟ་འདོམས་དང་། བདེ་སྲུང་ཆད་གཅོད། བདེ་འཇགས་ཐོན་སྐྱེད། ཆ་འཕྲིན་སྲུང་སྐྱོང་། ཁྲིམས་འགལ་གཉེར་སྐྱོང་། ནགས་རྩྭ་སྲུང་སྐྱོང་སོགས་ཁྱབ་ཁོངས་ལ་དམིགས་ནས་གྱོད་གཞི་ཐོ་འགོད་དང་། བརྟག་དཔྱད་དཔང་ལེན། ཆད་གཅོད་གཏན་འབེབས། སྐྱེལ་སྤྲོད་སོགས་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཐོག་ལས་རིམ་རང་བཞིན་དང་དངོས་ཚན་རང་བཞིན་གྱི་ལྟ་སྐུལ་བྱས་ཏེ་ཞིབ་དཔྱོད་ཀྱི་གྲོས་འགོ་78བཟོས་ནས་བཏོན་པ་རེད།

ཞིབ་དཔྱོད་ཀྱི་གཞི་གཅིག་འགན་སྒྲུབ་ཟབ་ཏུ་བཏང་ནས་སྲིད་འཛིན་ཆད་གཅོད་ཀྱི་འགན་འཁྲི་བདའ་འདེད་ཐད“ཁུག་ཆ”མི་ལུས་པར་བྱས་པ། ཁྲིམས་གཅོད་ལྡོག་སྦྲེལ་འཕར་གཞི་གསར་པར་བྱས་ཏེ་གཉའ་ལམ་དང་། སྐྱིད་གྲོང་། དིང་རི་སོགས་རྫོང་གི་ཞིབ་དཔྱོད་ཁང་11ལ་ཆེད་དོན་བརྟག་ཞིབ་བྱས་པས《ཁྲིམས་གཅོད་ཞིབ་དཔྱོད་ཁུངས་སྣེ་སྤོ་སྐྱེལ་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་གཅོད་ལྡོག་སྦྲེལ་དང་དེ་བཞིན་སྲིད་འཛིན་ཁྲིམས་འགལ་བྱེད་སྤྱོད་ལྟ་སྐུལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལས་དོན་བྱ་ཐབས(ཚོད་ལྟའི་ལག་བསྟར)》གྲུབ་ནས་ནང་ཁུལ་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྡེ་ཚན་དབར་བཀག་རྒྱ་མེད་པར་བཟོས་པ་རེད། 2023ལོའི་ཟླ་བདུན་པ་ནས་ད་བར། ཁྲིམས་སྦྱོར་མ་བྱས་པའི་གྱོད་གཞི་187དང་མི་228ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད།

མི་དམངས་ཀྱི་དོན་དུ་ཁྲིམས་སྒྱུར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དམངས་འཚོའི་བདེ་རྩ་འགན་ལེན་ཏན་ཏིག་བྱས་པ། གྲོང་ཁྱེར་སྲིད་གཞུང་དང་མཉམ་དུ《“སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ”གྱི་ལས་དོན་ལམ་སྲོལ་འཛུགས་རྒྱུའི་སྐོར》བཀྲམ་ནས་ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་རམ་འདེགས་བྱས་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ཐོག་ཞིབ་དཔྱོད་དཔང་ཉན་དང་ཁྲིམས་འགྲེལ་གནས་ལུགས་ཤོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། སྲིད་འཛིན་རྩོད་གཞི་5འདུམ་སྒྲིག་ཡག་པོ་བྱས་ཏེ་འགལ་བ་དང་རྩོད་གཞི་ཐོན་མ་ཐག་ཐག་གཅོད་བྱས་པ་རེད། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང《སྲིད་འཛིན་རྩོད་གཞི་ངོ་བོའི་རང་བཞིན་གྱིས་འདུམ་སྒྲིག་བྱེད་པའི་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བྱེད་ཐབས》ལ་མིང་རྟགས་ལྷན་འགོད་བྱས་ནས། ལེགས་ཆ་གསབ་རེས་དང་རྩོད་གཞི་མཉམ་འདུམ་བྱེད་པའི་སྲིད་འཛིན་འགལ་རྩོད་འདུམ་འགྲིག་བྱེད་ཐབས་ཤིག་བཏོད་པ་རེད། “དམངས་འཚོ་ཞིབ་བཤེར་སྲུང་སྐྱོང”གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་གོ་སྐབས་སུ་བྱས་ནས་ཨར་ལས་བྱ་ཡུལ་དུ་ཁེ་དབང་སྲུང་སྐྱོང་ཆ་འཕྲིན་གྱི་རྩ་ཚིག་བྱང་བུ་བཙུགས་མེད་པ་དང་། ཨར་ལས་བྱ་ཡུལ་གྱི་ཁེ་དབང་སྲུང་སྐྱོང་རྩ་ཚིག་བྱང་བུའི་ཐོག་གི་ཆ་འཕྲིན་འཐུས་ཚང་མེད་པ་དང་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། འབྲེལ་ཡོད་སྲིད་འཛིན་ལྟ་འདོམས་སྡེ་ཚན་ལ་ཞིབ་དཔྱོད་གྲོས་འགོ་7ཁྲིམས་ལྟར་བཟོས་ནས་བཏོན་པ་རེད།

(དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)