《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

“མི་དམངས་སྤྱི་བདེ་དེ་ནས་བྱུང”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་མཚམས་སུ། ཉེ་ཆར། “མི་དམངས་སྤྱི་བདེ་དེ་ནས་བྱུང”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་འགོ་ཚུགས་མཛད་སྒོ་བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་དུ་འཚོགས་པ་རེད།

བྱེད་སྒོར་སྤྱི་བདེའི་དཔུང་ཁག་གསར་བརྗེའི་རྟེན་གཞིའི་ཁུལ་དུ་བཙུགས་པ་དང་། མི་དམངས་དམག་དཔུང་ལས་བྱུང་བ། ཏང་གིས་དམག་དཔུང་ལ་སྣེ་ཁྲིད་དེ་རླབས་ཆེན་གྱི་གསར་བརྗེའི་འཐབ་རྩོད་དང་མི་དམངས་སྲིད་དབང་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་བསྐྱར་དྲན་བྱས་ཏེ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ། ལྷག་བསམ་རྣམ་དག་གི་ཉེན་རྟོག་པའི་བླ་སྲོག་བརྟན་པོ་གཏོད་པ་བཅས་བྱས་པ་རེད།