《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ཉིང་ཁྲི་གྲོང་ཁྱེར་གྱིས།

སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཆབ་སྲིད་རེས་སྐོར་སྦྱོང་བརྡར་བྱེད་ཤུཌ་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཆབ་སྲིད་རེས་སྐོར་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་འཚོགས་པ་རེད།

གསོ་སྦྱོང་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་ལ་བྱ་ཐབས་མང་བ་དང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཡོད་ལ། སྤེལ་རེས་བགྲོ་གླེང་དང་ལྟ་སྐོར་ཞིབ་སྦྱོང་ཡང་ཡོད་ཅིང་། དེའི་དམིགས་ཡུལ་ནི་གསོ་སྦྱོང་བྱས་པ་བརྒྱུད། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་པར་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་ཆེད་ཡིན་པ་རེད།