《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ལྷ་ས་གྲོང་ཁྱེར་རྔ་ཆེན་གྲོང་ཚོའི་ལས་ཐོག་ཏང་ཡོན་གྱིས་ཁོར་ཡུག་བཅོས་སྒྲིག་གི་བྱེད་སྒོར་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་དེ“འབྱོར་ཐོ་གཉིས་འགོད”ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལས་ཐོག་ཏང་ཡོན་དྲ་མིག་ཏུ་བསྐྱོད་དེ་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་པ། དྲ་མིག་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་ལས་ཐོག་ཏང་ཡོན་དང་མཉམ་དུ“ལས་ཐོག་ཏང་ཡོན་དྲ་མིག་ཏུ་བསྐྱོད་དེ་ཁོར་ཡུག་གཙང་སྦྲའི་བཅོས་སྒྲིག་ལ་རམ་འདེགས་བྱེད་པའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཁོངས་གཏོགས་ཁུལ་གྱི་གྲོང་མིར་སྡོད་སའི་ཁོར་ཡུག་གཙང་མ་ཞིག་བཏོད་པ་མ་ཟད། ལས་ཐོག་ཏང་ཡོན་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་དང་ཏང་ཡོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།