《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་དུ་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་ཁྲིམས་ལུགས་ཁྱབ་གདལ་དཔེ་སྟོན་གྱི་གསོ་སྦྱོང་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭར་བསྐྱོད་དེ་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་ཁྲིམས་ལུགས་ཁྱབ་གདལ་དཔེ་སྟོན་གྱི་གསོ་སྦྱོང་བྱེད་སྒོ་སྤེལ་ནས“སེམས་པ་ཏང་ལ་ཕྱོགས། གཞིས་རྩེར་ཁྲིམས་ཀྱི་གཟི་བྱིན་འཕྲོ”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་སྔར་བས་བཏོད་དེ། “ཏང་འཛུགས་སྐྱོང་དང་ལས་སྒོ་ཟུང་འབྲེལ”གྱི་ཕན་ཚུན་མཉམ་འདྲེས་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་ལ་བརྟེན་ནས་མི་སེམས་གསོ་བ་དང་བཅའ་ཁྲིམས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་ཏེ་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་གི་ཆེད་དོན་ཁྲིམས་སྐྱོང་འཆད་ཁྲིད་བྱེད་སྐབས། ཧྲང་ཧའེ་ཡི་བོད་སྐྱོར་རིགས་གཅིག་མཁས་ཅན་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧྲང་ཧའེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པའི་ན་སོ་དར་ལ་མ་བབས་པའི་མི་དང་ཁྱིམ་དོན་གྱོད་གཞིའི་ཕྱོགས་བསྡུས་འདྲི་གཅོད་དིང་གི་དིང་ཀྲང་གཞོན་པ་ཅི་ལེ་ཡིས། 《སློབ་གྲྭའི་ནང་གི་བརྙས་བཅོས་གཏན་འགོག་གིས་ལང་ཚོར་བཅའ་ཁྲིམས་ཀྱིས་འགན་སྲུང་བྱེད་པ》ཞེས་པ་བརྗོད་གཞིར་བྱས་པ་དང《ཆུ་མོག》དང《ཐག་རིང་གི་ཕྲུ་གུ》ཞེས་པའི་བརྙན་ཐུང་བསྟན་ཏེ་སློབ་མ་དང་སྤེལ་རེས་དང་ལན་འདེབས་རེས་བྱས་ནས་རྒྱ་ཆེའི་དགེ་སློབ་ལ་སློབ་གྲྭའི་ནང་གི་བརྙས་བཅོས་འགོག་ཟོན་དང་། དྲ་རྒྱའི་ཁ་བསླུས་འགོག་ཟོན། མི་ལུས་བདེ་འཇགས་སྲུང་སྐྱོང་བཅས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་རྩོད་གཞི་ཐག་གཅོད་ཡང་དག་དང་ཡང་དག་པའི་རིན་ཐང་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་རེད། ས་གནས་ས་ཐོག་ཏུ་ཁྲིམས་སྐྱོང་སློབ་ཁང་ཆུང་ངུའི་སློབ་ཚན་གྱི་བརྙན་ལམ་དུས་མཉམ་དུ་ཕབ་བཟོ་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)སློབ་གསོ་ཅུས་ཀྱི་ཁོངས་གཏོགས་སློབ་གྲྭ་246ལ་བསྟན་པ་དང་སློབ་སྦྱོང་བྱ་རྒྱུར་བསྐུར་བ་རེད།