《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

གླ་ཚེར་བཏབ། སྐྱེ་ཁམས་སྲུང་།

ས་བབ་མཐོ་ཞིང་སྐམ་སའི་ཁུལ་དུ་གནས་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3800ཙམ་ཟིན་གྱི་ཡོད། དགུན་དུས་གྲང་ངར་ཆེ་བའི་དུས་ཡུན་རིང་བ་དང་བྱེ་རླུང་རྟག་ཏུ་འཚུབ་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ངན་པ་བཟོ་གི་ཡོད། དུས་རབས་20པའི་ལོ་རབས་60པ་ནས་བཟུང་། མི་རབས་མང་པོར་བྱེ་རླུང་ཁྲོད་འཚོ་བ་སྐྱེལ་བའི་ལྷུན་རྩེའི་མི་དམངས་ཀྱིས་གླ་ཚེར་འདེབས་འགོ་བཙུགས་ཏེ་མུ་མཐུད་བྱེ་བཅོས་ལས་ལ་གཞོལ་ནས་ལྷུན་རྩེའི་ཡུལ་དུ་མི་རྣམས་ཧང་སངས་དགོས་པའི་སྐྱེ་ཁམས་སྒྱུར་བཅོས་བྱེད་འགོ་ཚུགས། དུས་རབས་ཕྱེད་ཀ་ཙམ་ལ་འདེབས་འཛུགས་བྱས་པ་བརྒྱུད། ལྷུན་རྩེའི་གཞུང་དུ་སྤྱི་ལེ་40ལྷག་ཙམ་ཟིན་པ་དང་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་50ཙམ་ཟིན་པའི་ལྗང་མདོག་གི་བར་ཁྱམས་ཤིག་བསྐྲུན་ཡོད། འདི་ནི་ཟླ་10ཚེས་16ཉིན་པར་བརྒྱབ་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི“འཛམ་གླིང་གི་མིས་བཏབ་པའི་ཡུག་སྦྲེལ་གླ་ཚེར་གླིང་ཆེ་ཤོས”ཡིན་པ།