《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

རང་ལྗོངས་ཀྱི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ་སྡེ་ཁུལ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སྤྱི་ཚོགས་ལུས་རྩལ་ལྟེ་གནས་དང་ཀྲུང་གོ་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་དང་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ་སྡེ་ཁུལ་དུ་བསྐྱོད་པའི་བྱེད་སྒོ་ལྷ་སར་སྤེལ་བ་དང་ཁྱོན་མི་150ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་ཉིན་གསུམ་སྤེལ་རྒྱུ་ཡིན་ཞིང་། མཚོ་སྔོན་དང་ཧྲན་ཏུང་སོགས་ནས་གདན་ཞུ་བྱས་པའི་སྒོར་གཞས་མཁས་པ་བཞི་ཡིས་ལྷ་སར་སློབ་ཚན་འཁྲིད་པ་རེད། གསོ་སྦྱོང་ཚར་རྗེས་དཔྱད་ཞིབ་ལོན་པའི་སློབ་མ་ཚང་མར《སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པའི་དོ་དམ་བྱེད་ཐབས》གཞིར་བཟུང་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ་རིམ་པའི་ལག་ཁྱེར་སྤྲོད་རྒྱུ་རེད།