《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ལྗོངས་ཡོངས་ཀྱི་སློབ་མས“རྩ་ཁྲིམས་སྦྱོང་བ་དང་རྩ་ཁྲིམས་ཤོད་པའི”བྱེད་སྒོ་སྐབས་དགུ་པའི་མཐའ་བསྡུར་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུཌ་ཕན་ཅན་ལ་སྐུལ་འདེད་བཏང་སྟེ་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་བྱང་ཚད་ཕྱོཌ་ཡོངས་ནས་མཐོ་རུ་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཁྲིམས་སྐྱོང་སློབ་གསོ་ལྟེ་གནས་ཀྱིས་གཉེར་འགན་འཁུར་བའི་ལྗོངས་ཡོངས་ཀྱི་སློབ་མའི“རྩ་ཁྲིམས་སྦྱོང་བ་དང་རྩ་ཁྲིམས་ཤོད་པའི”བྱེད་སྒོ་སྐབས་དགུ་པའི་མཐའ་བསྡུར་ལྷ་སར་གཉེར་བ་རེད།

ལྗོངས་ཡོངས་ཀྱི་ས་གནས་ཁག་གི་སློབ་གྲྭས་ཐོག་མའི་འགྲན་བསྡུར་བྱས་པ་བརྒྱུད་བདམས་ཐོན་པ་44ད་ཐེངས་ཀྱི་མཐའ་བསྡུར་ལ་ཚུད་པ་རེད། མཐའ་བསྡུར་གྱི་ནང་དོན་ལ་ཆུ་ཚད་འགྲན་བསྡུར་དང་གཏམ་བཤད་འགྲན་བསྡུར་གཉིས་ཡོད་ཅིང་། ཆུ་ཚད་འགྲན་བསྡུར་ལ་བདམས་ཐོན་པས་རྒྱན་བསྒྲུགས་ནས་འགྲན་ཞུགས་རུ་ཁག་བདུན་བཟོས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སོགས་ཀྱི་ནང་དོན་ལ་གཞིཌ་ནས་ངེས་འདེབས་འདྲི་གཞི་དང་། ཧབ་འདེབས་འདྲི་གཞི་སོགས་ལྷུ་ཚིགས་མང་པོ་ཞིག་གི་འགྲན་བསྡུར་བཀོད་སྒྲིག་བྱས་ཡོད།

གཏམ་བཤད་འགྲན་བསྡུར་དེ་སློབ་ལོར་གཞིཌ་ནས་སློབ་ཆེན་ཚོགས་ཆུང་དང་། མཐོ་འབྲིང་ཚོགས་ཆུང་། དམའ་འབྲིང་ཚོགས་ཆུང་། སློབ་ཆུང་ཚོགས་ཆུང་བཅས་ཚོགས་ཆུང་བཞིར་བགོས་པ་དང་བདམས་ཐོན་པ་ཁག་གིས་སྤྱི་ཚོགས་སུ་གླེང་མང་བའི་གནད་དོན་དང་། གྱོད་དཔེ། རང་ངོས་ཀྱི་མྱོང་ཚོར་སོཌ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བསམ་པའི་ཉམས་འགྱུར་དང་མི་སེམས་འགུལ་བའི་སྐད་ཆའི་ཐོག་ནས་རང་ཉིད་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་དང་ཁྲིམས་སྐྱོང་འདུ་ཤེས་འཛུགས་པའི་མྱོང་ཚོར་མཚོན་པར་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཐའ་བསྡུར་ནས་བདམས་ཐོན་བྱུང་བའི་ཕུལ་བྱུང་སློབ་མ་རྣམས་ཟླ་11པའི་ཟླ་མཇུག་ཏུ་རྒྱལ་ཡོངས་ཀྱི་སྤྱིའི་མཐའ་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད།