《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月08日

ཁྲེང་ཏུར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་གྱི་རང་བརྟེན་ལས་འདེམས་དམག་སྒྱུར་ལས་བྱེད་པའི་ཞབས་ཞུའི་ས་ཚིགས་སྒོ་བྱང་བཀལ་ནས་བཙུགས་པ།

འདི་ནི་སྒོ་བྱང་ཕྱེ་བའི་མཛད་སྒོ་འཚོག་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དམག་ཞབས་ཐིམ་པའི་དམག་མི་བསྡུ་ལེན་བཀོད་སྒྲིག་ཡག་པོ་དང་། ཞབས་ཞུ་འགན་ལེན་ཡག་པོ། སློབ་གསོ་དོ་དམ་ཡག་པོ། ནུས་པ་འདོན་སྤེལ་ཡག་པོ། ཁེ་དབང་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་དམག་མི་དེ་ཉིད་སྤྱི་ཚོགས་ཡོངས་ཀྱིས་བརྩི་བཀུར་བྱེད་པའི་ལས་རིགས་སུ་གྱུར་པ་དང་། དམག་ཞབས་ཐིམ་པའི་དམག་མི་རྣམས་སྤྱི་ཚོགས་ཡོངས་ཀྱིས་བརྩི་བཀུར་བྱེད་པའི་མི་སྣར་གྱུར་པ། དམག་ཞབས་ཐིམ་པའི་དམག་མིའི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། གཟི་བརྗིད་ཚོར་སྣང་སྔར་བས་ཆེ་བ་བཅས་ཐུབ་པའི་བརྩོན་ལེན་བྱ་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་བཙུགས་པའི་ཁྲེང་ཏུར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་གྱི་རང་བརྟེན་ལས་འདེམས་དམག་སྒྱུར་ལས་བྱེད་པའི་ཞབས་ཞུའི་ས་ཚིགས་ཁྲེང་ཏུའུ་རུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཞབས་ཞུའི་ས་ཚིགས་བཙུགས་པ་ནི་དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་འགན་ལེན་བྱེད་པའི་མཐའ་མའི་འགག་གནད་སེལ་བའི་ཐབས་ལམ་ནུས་ལྡན་ཞིག་དང་། གཞིས་རྩེ་གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། རང་བརྟེན་ལས་འདེམས་དམག་སྒྱུར་ལས་བྱེད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་དང་ཞབས་ཞུ་འགན་ལེན་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་དང་རང་བརྟེན་ལས་འདེམས་དམག་མིར་ཐུགས་ཁུར་ཟབ་མོ་བྱེད་པ་ཞིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། ཞབས་ཞུའི་ས་ཚིགས་བཙུགས་རྗེས་བློ་འདྲི་སྣེ་ལེན་ཁུལ་དང་། གསོ་སྦྱོང་སློབ་ཁང་། བྱེད་སྒོ་ཁང་སོགས་བཀོད་སྒྲིག་བྱས་པ་དེའི་དམིགས་ཡུལ་ནི་རང་བརྟེན་ལས་འདེམས་དམག་སྒྱུར་ལས་བྱེད་པར་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་ཆེད་ཡིན་པ་རེད། སྤྱི་ཚོགས་ཅན་གྱི་དམག་ཞབས་ཐིམ་པའི་དམག་མིར་སེམས་ཁུར་དང་བྱམས་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་ཤུགས་ཆེན་བཏོད་པ་བརྒྱུད། དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་འགན་ལེན་བྱེད་པའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།