《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月08日

པར་རིས་གསར་འགྱུར།

གསར་འགོད་པས་པེ་ཅིང་གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ལེགས་སྒྲིག་ཁག་གསུམ་པ་ཟླ་8ཚེས་31ཉིན་ནས་བསྟུད་མར་བྱས་ཤིང་། སྐབས་དེ་དུས་ལམ་ཁག་གཅིག་ཕུད་པེ་ཅིང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འཁོར་ལམ་སྲིད་གཞུང་གི་ངལ་གསོའི་ཉིན་མོ་དང་ཁྲིམས་གཏན་གྱི་དུས་ཆེན་དང་ངལ་གསོའི་ཉིན་མོར་སྤྱི་ཚོགས་ཀྱི་འཁོར་རིགས་གཏོང་རྒྱུ་རེད། ཟླ་9ཚེས་30ཉིན་ནས་བཟུང་ལྷོ་དབུས་ཀྱི་ལྟེ་བའི་མགྱོགས་ལམ་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ལེགས་སྒྲིག་བྱས་རྗེས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་མགྱོགས་ལམ་ལ་འགྱུར་རྒྱུ་རེད།