ལྕང་ལོ་སེར་པོ་དེ།
ཆུ་མོའི་གཞུང་གི་གྲུ་ཆུང་ཞིག་ཡིན་ན།
བསིལ་བསིལ་སྟོན་གྱི་རླུང་བུ་ནི།
གྲུ་ཆུང་དེ་ལ་མཁོ་བའི།
གཏན་གྲོགས་སྐྱ་བ་དེ་ཡིན་ངེས།
སོག་མའི་ཕོན་ལྕོག་དེ་དག
ཨ་ཁུ་ཞིང་པའི་སྐུ་ལུས་ཡིན་ན།
འབྲུ་རྡོག་དེ་དག་ནི།
ཁོ་ཚོའི་རྔུལ་ནག་གི་ཐིགས་ཕྲེང་རེ་རེ་ཡིན་ངེས།