《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月24日

ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གིས།

ཐག་པར་བརྟེན་ནས་རོགས་སྐྱོབ་ཀྱི་ལག་རྩལ་སྦྱངས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། རུ་འབྲིང་གི“གནོད་འཚེ་ཚང་མར་འཕྲལ་སྡོམ་རོཌ་སྐྱོབ་བྱེད་པའི”ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། རི་སྟེང་དང་མཁའ་དབྱིངས་སོགས་དམིགས་བསལ་གནོད་འཚེའི་དོན་རྐྱེན་ཁྲོད་ཀྱི་རུ་མིའི་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གིས་ཐག་པར་བརྟེན་ནས་རོགས་སྐྱོབ་ཀྱི་ལག་རྩལ་སྦྱོང་བརྡར་བྱས་པ་རེད།

སྦྱོང་བརྡར་རིང་། རུ་འབྲིང་གིས་རོགས་སྐྱོབ་ལས་འགན་གྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་ཏེ་Tདབྱིབས་ཅན་གྱི་རོགས་སྐྱོབ་ལག་རྩལ་དང་། གྱེན་ངོས་སུ་རོགས་སྐྱོབ་ཀྱི་ལག་རྩལ། དེ་བཞིན་གནས་གཅིག་གཏད་གཅིག་གི་རོགས་སྐྱོབ་ལག་རྩལ་སོགས་ལྟེ་བའི་རྣམ་གྲངས་དག་སྦྱོང་བརྡར་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཤིང་། སྦྱོང་བརྡར་གྱི་གཙོ་གནད་ཁོང་དུ་ཡང་དག་པར་ཆུད་པ་དང་གནད་དོན་དངོས་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་བར་དམིགས་ནས་རུ་མི་ཚོས་སྒྲིག་ཆས་བཀོལ་སྤྱོད་ལ་བྱང་ཆུབ་ཚད་དང་། རྙོག་འཛིང་ཆེ་བའི་གནས་ཚུལ་ལ་ཁ་གཏད་གཅོག་པའི་ནུས་པ། དེ་བཞིན་ཐོལ་བྱུང་དོན་རྐྱེན་བབ་བསྟུན་ཐག་གཅོད་བྱེད་པའི་ནུས་པ་བཅས་རིམ་བཞིན་ཆེ་རུ་བཏང་བ་རེད།

པར①ནི་རུ་འབྲིང་གིས་གྱེན་ངོས་སུ་རོགས་སྐྱོབ་ཀྱི་ལག་རྩལ་སྦྱོང་བཞིན་པ།

པར②ནི་རུ་མིས་Tདབྱིབས་ཅན་གྱི་རོགས་སྐྱོབ་ལག་རྩལ་སྦྱོང་བཞིན་པ།

པར③ནི་རུ་འབྲིང་གིས་ལག་རྩལ་སྦྱོང་བརྡར་བྱ་ཡུལ་ཡིན་པ།