འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་པེ་ཅིང་ལེ་ཧྲི(ཉིང་ཁྲི)ཁྲིམས་རྩོད་ལས་དོན་ཁང་དང་ཉིང་ཁྲི་དྲ་ཐོག་ཚོང་དོན་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི“ཐོན་སྐྱེད་ནུས་ཤུཌ་གསར་མ་ཆེ་རུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི”དམངས་གཉེར་ཁེ་ལས་ཀྱི་བཅའ་ཁྲིམས་ཞབས་ཞུ་དང་ཁྲིམས་སྐྱོང་ཉམས་ལེན་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཁེ་ལས་དང་འབྲེལ་བའི་བཅའ་ཁྲིམས་ཞབས་ཞུའི་ཐོན་ལས་དང་དེ་བཞིན་ཉིང་ཁྲི་གྲོང་ཁྱེར་གྱིས་བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་བར་སྤྱད་པའི་བྱེད་ཐབས་རྒྱས་བཤད་བྱས་པ་རེད། པེ་ཅིང་ལེ་ཧྲི་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཆེད་ལས་ཁྲིམས་རྩོད་པས་ཀྲུང་གོ་དམངས་འཚོ་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་དང་། ཀྲུང་གོ་སྒུལ་བདེ་ཉིང་ཁྲི་ཡན་ལག་ཀུང་སི། བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བར་ཁེ་ལས་ཀྱི་སྒྲིག་སྲོལ་དང་། ཉེན་གནས་རྒྱུ་ནོར་ཐག་གཅོད། གན་རྒྱའི་ཉེན་ཁ་འགོག་ཟོན། འཛུགས་སྐྲུན་ལས་གྲྭའི་ཉེན་ཁ་འགོག་ཟོན་སོགས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཤེས་བྱ་མཉམ་སྤྱོད་བྱས་པ་རེད།