《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月10日

ཆུ་ཤུར་རྫོང་གནམ་ཤང་གིས།

དུད་ཚང་དུ་བསྐྱོད་ནས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱེད་པ།

འདི་ནི་ལས་དོན་མི་སྣ་དུད་ཚང་དུ་བསྐྱོད་ནས་ལས་གཏོད་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་གིས་དུད་ཚང་དུ་བསྐྱོད་ནས་ལས་ཞུཌ་ལས་གཏོད་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཐད་ཀྱི་དཀའ་གནད་སེལ་བ་དང་། བྱེད་ཐབས་མང་བ། ལས་ཞུགས་ལ་སྐུལ་འདེད། གསར་གཏོད་ཅན་བཅས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གནམ་ཤང་གི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་དེ་བས་ལེགས་པོ་སྤེལ་རྒྱུར་རྨང་གཞི་བརྟན་པོ་འདིང་ཆེད་རེད།

ད་ཐེངས་ཀྱི་དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་བརྒྱུད་གནམ་ཤང་གིས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སློབ་ཐོན་སློབ་མའི་ཁྱིམ་གྱི་སྒོ་རྩར་སྒྲོག་འགྲེལ་བྱས་པ་མ་ཟད། ཁོང་ཚོའི་སེམས་སུ་རེ་བའི་ས་བོན་བཏབ་པ་རེད།