《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年09月10日

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

བཟའ་བཏུང་གི་རིན་གོང་གསལ་པོ་འགོད་མིན་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བཟའ་བཏུང་ལས་རིགས་ཀྱི་རིན་བསྡུའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་དང་ཞི་མཐུན་དང་གོ་རིམ་ལྡན་པའི་བཟའ་བཏུང་ཁྲོམ་རའི་ཁོར་ཡུག་གཏོད་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་ལས་རིགས་མཐུན་ཚོགས་དང་མཉམ་འབྲེལ་ཐོག ལྷ་ཞབས་གླིང་ཕྲན་གྱི་བཟའ་བཏུང་ཁྲོམ་ཚོམ་དུ་བཟའ་བཏུང་གི་རིན་གོང་གསལ་པོ་འགོད་མིན་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་སྤྱོད་སྤེལ་བ་རེད།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷ་ཞབས་གླིང་ཕྲན་གྱི་བཟའ་བཏུང་ཁྲོམ་ཚོམ་དུ་ཞིབ་བཤེར་བྱེད་རིང་། ཚོང་དུད་མི་ཉུང་བ་ཞིག་ལ་ཚད་གཞི་མི་འདྲ་བའི་རིན་གོང་སྒྲིག་འགལ་གྱི་བྱེད་སྤྱོད་ལྡན་པ་ཤེས་རྟོགས་བྱུང་ནས་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད་པ་མ་ཟད། དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བླང་བྱའང་བཏོན་ཡོད། གཞན་ཡང་། ཁྲིམས་སྒྱུར་མི་སྣས་ཚོང་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》སོཌ་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཧུར་ཐག་བྱས་ཏེ། ཚོང་པས་ཁྲིམས་ལྟར་ཡིན་ལུགས་ཚུལ་ལྡན་ངང་ཚོང་རྒྱག་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་རང་རྟོགས་ངང་སྲུང་སྐྱོང་བྱས་ཏེ་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་རྒྱུར་སྐུལ་འདེད་བཏང་བ་རེད།