《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月03日

རྩྭ་མདའ་རྫོང་གིས་སློབ་གྲྭའི་མེ་ཟོན་བདེ་འཇཌ་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ།

འདི་ནི་མཉམ་འབྲེལ་ཞིབ་བཤེར་མི་སྣས་སློབ་གྲྭའི་མེ་ཟོན་བདེ་འཇགས་ལ་་ཞིབ་བཤེར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་རྩྭ་མདའ་ནས་ཟླ་8ཚེས་29ཉིན་གློག་འཕྲིན་འབྱོར་གསལ། སློབ་གྲྭ་མ་ཚུགས་གོང་གི་མེ་ཟོན་བདེ་འཇགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། སློབ་གྲྭའི་དོ་དམ་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་ཆེད། ཉེ་ཆར། རྩྭ་མདའ་རྫོང་སློབ་གསོ་ཅུས་དང་། གྲོང་ཁྱེར་ལྟ་འདོམས་ཅུས། སྤྱི་བདེ་ཅུས། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས། འཕྲལ་སྡོམ་དོ་དམ་ཅུས། མེ་ཟོན་རོགས་སྐྱོབ་རུ་ཆེན་སོགས་སྡེ་ཚན་གྱིས་ལས་དོན་ཚོགས་ཆུང་བཙུགས་ནས་སློབ་གྲྭའི་མེ་ཟོན་བདེ་འཇགས་ལ་མཉམ་དུ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱེད་རིང་། མཉམ་འབྲེལ་ཞིབ་བཤེར་མི་སྣས“ཞིབ་བཤེར་གྱི་མཛུབ་ཁྲིད”ཀྱི་བྱ་ཐབས་ཐོག་ནས་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ་སློབ་ཁྲིད་ཐོག་ཁང་དང་། སློབ་མའི་ཉལ་ཁང་། ཟ་ཁང་སོགས་གཙོ་གནད་ཁུལ་དུ་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་མ་ཟད། སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དང་མེ་ཟོན་སྐོར་ཞིབ་ལམ་ལུགས་དོན་འཁྱོལ་བྱས་ཡོད་མེད་དང་། ཁ་འགྲེམ་བགྲོད་ལམ་དང་བདེ་འཇགས་ཐོན་ས་ཤར་གཏོང་ཡིན་མིན། ཁ་འགྲེམ་མཛུབ་སྟོན་མཚོན་རྟགས་དང་འཕྲལ་སྡོམ་གློག་སྒྲོན་བསྒར་ཚུལ་བླང་བྱ་དང་མཐུན་ཡོད་མེད། མེ་གསོད་ཆུ་སྒོ་དང་མེ་གསོད་ཡོ་ཆས་སོགས་ཆ་ཚང་པོ་དང་གོ་ཆོད་ཀྱི་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཚགས་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་ལྷུ་ཚིགས་ཚང་མར་ཞིབ་བཤེར་གནད་ལ་འཁེལ་པོ་ཡོང་བའི་འགན་ལེན་བྱས་ཡོད། ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་མངོན་མེད་རྐྱེན་ངན་ལ་དམིགས་ཏེ་མཉམ་འབྲེལ་ཞིབ་བཤེར་མི་སྣས་སློབ་གྲྭའི་འགན་འཁུར་བར་དོན་ཚན་རེ་རེ་བཞིན་དབྱེ་ཞིབ་དང་གསལ་འགྲེལ་བྱས་པ་མ་ཟད། དག་ཐེར་གྱི་བསམ་འཆར་ཡང་བཏོན་པ་དང་དུས་མཚུངས་སློབ་གྲྭའི་འགན་འཁུར་བར་དུས་དང་རྣམ་པ་ཀུན་ཏུ་མེ་ཟོན་བདེ་འཇགས་ཐད་རིག་པ་ལྕགས་སྐུད་ལྟར་བསྒྲིམས་ནས་སློབ་གྲྭའི་མེ་ཟོན་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།