《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月03日

ཆུ་ཤུར་རྫོང་ཚ་རགས་ཤང་གིས།

བདེ་འཇགས་ཐོན་སྐྱེད་དང་བཟའ་བཅའི་བདེ་འཇགས་གཉིས་ཀར་དམ་འཛིན་བྱས་པ།

འདི་ནི་ལས་དོན་པས་ནན་ཏན་ངང་ཞིབ་བཤེར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་དུས་བདེ་གཞུང་ལས་ཁང་གིས་ཤང་ཁྲོམ་ར་ལྟ་འདོམས་ཚན་པ་དང་ཤང་སྒྲིག་བཤེར་ཚན་པ་སོགས་དང་མཉམ་འབྲེལ་ཐོག་ཁོངས་གཏོགས་ཁུལ་གྱི་གཉེར་སྐྱོང་བྱ་ཡུལ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པར་བསྐྱོད་པ་རེད། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཚ་རགས་ཤང་གྲོང་ཁྱེར་ལྟ་འདོམས་ཚན་པས་ཤང་བདེ་འཇགས་འཛུགས་སྐྱོང་གཞུང་ལས་ཁང་དང་སྒྲིག་བཤེར་ཚན་པ་དང་མཉམ་དུ་ཤང་ནང་གི་ཚོང་དུད་ལ་དུས་ངེས་མེད་ཀྱི་ཞིབ་བཤེར་ཡང་བྱས་པ་རེད།

བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་སྤྱོད་སྤེལ་རིང་ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་འདྲི་རྩད་དང་ལྟ་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁོངས་གཏོགས་ཁུལ་གྱི་སྣུམ་སྣོན་ས་ཚིགས་དང་། ཚོང་ཁང་། ཟ་ཁང་། གྲོང་ཚོ་ཁག་གི་གཤེར་འགྱུར་སོལ་རླངས་བརྗེ་ཡུལ་སོགས་སུ་བསྐྱོད་ནས་མེ་ཟོན་སྒྲིག་ཆས་དང་ཡོ་བྱད་ལ་སྐྱོན་ཡོད་མེད་དང་། བདེ་འཇགས་ཐོན་སྒོ་དང་མེ་ཟོན་བགྲོད་ལམ་ཤར་གཏོང་ཡིན་མིན། གློག་དང་མེའི་མངོན་མེད་རྐྱེན་ངན་ཡོད་མེད། དེ་བཞིན་བཟའ་བཅའ་དུས་ཚོད་ཡོལ་མིན་སོགས་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་བཏང་བ་མ་ཟད། ད་དུང་གཉེར་སྐྱོང་བྱེད་པོ་ཁག་གི་འགན་འཁུར་བར་བདེ་འཇཌ་ཐོན་སྐྱེད་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ལས་མིར་བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོ་དང་མེ་ཟོན་ཤེས་བྱའི་གསོ་སྦྱོང་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་རང་བཤེར་རང་བཅོས་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་རྩིས་ཐོ་བཟོས་ནས་དུས་ཐོག་ཏུ་ཡོ་བསྲང་བཅས་བྱས་ཏེ། མངོན་མེད་རྐྱེན་ངན་མ་བྱུང་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱེད་རིང་ཞིབ་བཤེར་མི་སྣས་གྲོང་ཚོ་ཁག་གི་གཤེར་འགྱུར་སོལ་རླངས་ལྕགས་དམ་གྱི་བདེ་འཇགས་མི་སྣའི་ལས་དོན་ལ་ཤེས་རྟོགས་གཏིང་ཟབ་དང་ཐོ་འགོད་རེའུ་མིག་ལ་ཞིབ་ལྟ་བྱས་ནས་སོལ་རླངས་བརྗེ་ཐེངས་རེར་ཐོ་ཞིབ་ཕྲ་བཀོད་པ་མ་ཟད། གཤེར་འགྱུར་སོལ་རླངས་ལྕགས་དམ་བརྗེ་ཐེངས་རེར་བདེ་འཇགས་ཞིབ་བཤེར་ཡང་ཐུབ་པའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ཤང་ནང་གི་ཚོང་དུད་6ཟུར་འཐེན་བྱས་ནས་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱེད་རིང་ཚོང་དུད་2ལ་དུས་ཚོད་ཡོལ་བའི་བཟའ་བཅའ་ཡོད་པ་ཤེས་རྟོགས་བྱུང་འཕྲལ། ཞིབ་བཤེར་མི་སྣས་ཚོང་དུད་དེ་གཉིས་ཀར་དུས་ཚོད་ཡོལ་བའི་བཟའ་བཅའ་འཕྲལ་མར་སྒྲོམ་སྟེགས་ནས་འབེབས་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཚོང་དུད་ཀྱིས་རང་ངོས་ལ་ཞིབ་བཤེར་བྱས་ནས་དུས་ཚོད་ཡོལ་བའི་བཟའ་བཅའ་གཞན་དག་གཏན་འགོག་བྱེད་པར་སྐུལ་འདེད་བཏང་བ་རེད། གཞན་ཡང་ཚོང་དུད་གཞན་ཞིག་གིས་པར་དང་ལག་ཁྱེར་མཐོང་སར་བཀལ་མེད་པ་མ་ཟད། བདེ་ཐང་ལག་ཁྱེར་ཡང་གཉེར་མེད་པས་ཞིབ་བཤེར་མི་སྣས་ཚོང་དུད་དེར་གཟའ་འཁོར་གཅིག་ནང་འབྲེལ་ཡོད་ལག་ཁྱེར་མཐོང་སར་འགེལ་དགོས་པ་དང་འབྲེལ་བདེ་ཐང་ལག་ཁྱེར་ཡང་གཉེར་དགོས་པའི་སྐུལ་འདེད་བཏང་བ་རེད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)