《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月03日

གནའ་གྲོང་སྲང་ལམ་གྱི་དཀའ་ངལ།

འོང་སྟོད་ཞིང་ཁ་སྲང་ལམ་དུ་གང་བྱུང་དུ་བཞག་པའི་གློག་སྒུལ་སྦག་སྦག་ཡིན་པ།

བུ་བཅོལ་ཁང་གི་སྒོ་རྩའི་གློག་འཁོར་འཇོག་སར་ཁྲིམས་འགལ་ངང་བཞག་པའི་འཁོར་རིགས་ཡིན་པ།

གློག་སྒུལ་སྦག་སྦག་འཇོག་ས་བཅོས་སྒྲིག་བྱས་རྗེས་ཀྱི་རྣམ་པ་ཡིན་པ།

ཉེ་བའི་ལོ་ཤས་རིང་ལྷ་སར་གློག་སྒུལ་སྦག་སྦག་གང་བྱུང་དུ་ཁ་འགོག་པ་དང་འཇོག་པའི་གནད་དོན་ཉིན་བཞིན་ཚབས་ཆེ་རུ་འགྲོ་བ་དེ་ལས། ཚོང་དུད་ཀྱི་ཚོང་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། གྲོང་མིའི་རྒྱུན་གཏན་གྱི་འགྲོ་སྐྱོད་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པའི་གནད་དོན་ནི་གནའ་གྲོང་གི་འོང་སྟོད་ཞིང་ཁ་ལམ་གྱི་དཀའ་གནད་ཅིག་རེད་ལ། གྲོང་ཁྱེར་བཅོས་སྐྱོང་ཁྲོད་ཀྱི་ག་ས་ག་ནས་མཐོང་རྒྱུ་ཡོད་པའི་སྣང་ཚུལ་ཡང་རེད། དེ་ཐག་གཅོད་བྱེད་དགོས་ན་སྲིད་གཞུང་དང་། སྤྱི་ཚོགས། གྲོང་མི་སོགས་ཕྱོགས་མང་པོས་ཐུན་མོང་དུ་འབད་བརྩོན་དང་མཉམ་ལས་བྱེད་དགོས་ཀྱི་ཡོད།

“སྡེ་ཁུལ་བཅོས་སྒྲིག་ལས་ལ་ཚར་དུས་མེད། སླད་ཕྱིན་ང་ཚོས་ཐལ་སྤུངས་སྒང་གྲོང་ལྷན་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་བཅོས་སྐྱོང་གི་མཉམ་ཤུགས་ཆགས་པར་བྱ་རྒྱུ་དང་། རང་སོ་སོའི་འགན་འཁྲི་དང་ལས་བགོས་ཁ་གསལ་བརྒྱབ་ནས་བཅོས་སྐྱོང་བྱ་ཐབས་ཐུན་མོང་ཐོག་གཏན་འཁེལ་དང་ལག་བསྟར་བྱ་རྒྱུ། འགྲིམ་འགྲུལ་ཉེན་རྟོག་དང་གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་དང་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་རྒྱུ་བཅས་ཡིན། གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པའི་གནད་དོན་ཐག་གཅོད་བྱེད་དཀའ་ཡང་བྱེད་ཐབས་བྲལ་བ་ཞིག་མིན། ང་ཚོས་ཕྱར་བ་གྲུ་འདེགས་དང་ཐུན་མོང་འབད་བརྩོན་བྱས་ཚེ་གནད་དོན་ཐག་གཅོད་བྱེད་ཐབས་ཡག་པོ་ཞིག་འཚོལ་ཐུབ་ངེས་ཡིན”ཞེས་གྲོང་ལྷན་གྱི་འགན་འཁུར་བ་བསྟན་འཛིན་ནོར་བུས་བཤད།