《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月03日

དམག་སྒར་གྱི་འཚོ་བ། འབད་འབུངས་ཀྱི་ལང་ཚོ།

གྲ་སྒྲིག་འདེམས་སྒྲུག་བཀོད་འདོམས་ཅུན་ཧྲིའི་གཅིག་སྡུད་དམག་སྦྱོང་རུ་སྟར་གྱིས་སློབ་གྲྭའི་སློབ་གསོ་དང་ལེན་བྱེད་བཞིན་པ།

གྲ་སྒྲིག་འདེམས་སྒྲུག་བཀོད་འདོམས་ཅུན་ཧྲིའི་གཅིག་སྡུད་དམག་སྦྱོང་གི་ཕྱོགས་སྡོམ་ཚོགས་ཆེན་འཚོག་བཞིན་པ།

གྲ་སྒྲིག་འདེམས་སྒྲུག་བཀོད་འདོམས་ཅུན་ཧྲིའི་གཅིག་སྡུད་དམག་སྦྱོང་རུ་སྟར་གྱིས་ཆེད་ལས་རྩལ་ནུས་སྦྱོང་བརྡར་བྱེད་བཞིན་པ།

གྲ་སྒྲིག་འདེམས་སྒྲུག་བཀོད་འདོམས་ཅུན་ཧྲིའི་གཅིག་སྡུད་དམག་སྦྱོང་རུ་ཁག་གིས་དམག་སྦྱོང་བྱེད་བཞིན་པ།

ཉེ་དུས་དུས་ཡུན་ཟླ་བ་གསུམ་རིང་གི་ཛ་དྲག་ཆེ་བའི་གཅིག་སྡུད་དམག་སྦྱོང་བརྒྱུད་ལྷ་ས་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་གྲ་སྒྲིག་འདེམས་སྒྲུག་བཀོད་འདོམས་ཅུན་ཧྲིའི་གཅིག་སྡུད་དམག་སྦྱོང་བདེ་བླག་ངང་མཇུག་འགྲིལ་བ་རེད།

ད་ཐེངས་ཀྱི་གཅིག་སྡུད་དམག་སྦྱོང་རིང་ཅུན་ཧྲིའི་དཔུང་ཁག་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དམིགས་ཚད་དུ་བྱས་ཤིང་། དམིགས་ཡུལ་ནི་དད་སེམས་བརྟན་པོ་དང་། རྩལ་ལག་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ཅུན་ཧྲི་ཤེས་ལྡན་པ་གསར་པ་གསོ་སྐྱོང་བྱེད་ཆེད་རེད། གཅིག་སྡུད་དམག་སྦྱོང་བྱེད་རིང་། དམག་སྦྱོང་བྱེད་མཁན་ཚོས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། རྩལ་ནུས་དངོས་སྦྱོང་། ཟུངས་ནུས་སྦྱོང་བརྡར་བཅས་ཚུད་པའི་ཕྱོགས་ཡོངས་ཀྱི་གསོ་སྦྱོང་དང་ལེན་བྱས་ནས་དམག་སྦྱོང་བྱེད་མཁན་ཚང་མར་ཚད་གཞི་མཐོ་བའི་ཆེད་ལས་རྩལ་ནུས་ལྡན་པར་བྱས་ཡོད། དམག་སྦྱོང་མཇུག་སྒྲིལ་གྱི་དཔྱད་ཞིབ་ནང་། དམག་སྦྱོང་བྱེད་མཁན་ཚོས་གཟེངས་སུ་ཐོན་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ཆེད་ལས་བཀོལ་སྤྱོད་ཀྱི་ནུས་པ་མངོན་པ་མ་ཟད། བཟོ་དམག་གི་ལས་རིགས་རྩལ་ནུས་དཔྱད་འདོམས་ཀྱི་འབུར་དུ་ཐོན་པའི་དཔྱད་ཞིབ་གྲུབ་འབྲས་ཀྱང་མངོན་ནས། དམག་སྦྱོང་ནང་ཞུགས་མཁན་ཚང་མ་ཚད་ལོན་པ་རེད། གཞན་ཡང་། ཟུངས་ནུས་ཚད་ལེན་གྱི་ལྷུ་ཚིགས་ནང་དམག་སྦྱོང་བྱེད་མཁན་ཚོས་གཟུགས་པོའི་བྱང་ཚད་བཟང་པོ་དང་སྙིང་རུས་ཞུམ་མེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པ་རེད།