《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月03日

རྔ་ཆེན་ཁྲོམ་གཞུང་གླང་རུ་སྡེ་ཁུལ་གྱིས།

སྐྱེ་ཁམས་ཁོར་ཡུག་གི་བཅའ་ཁྲིམས་ཁྱབ་གདལ་གྱི་སྒྲོག་འགྲེལ་ཚོགས་འདུ་འཚོཌ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རྔ་ཆེན་ཁྲོམ་གཞུང་གླང་རུ་སྡེ་ཁུལ་གྱིས“ཁོར་ཡུག་ལ་གཅེས་སྐྱོང་བྱས་ནས་གཙང་སྦྲ་དོད་པའི་སྡེ་ཁུལ་བཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐྱེ་ཁམས་ཁོར་ཡུག་གི་བཅའ་ཁྲིམས་ཁྱབ་གདལ་གྱི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད།

ད་ཐེངས་ཀྱི་སྒྲོག་འགྲེལ་ཚོགས་འདུར་ཁོར་ཡུག་སྲུང་སྐྱོང་ཤེས་བྱ་དང་གསོན་ཉམས་དོད་པའི་གྱོད་དཔེ་ཟུང་འབྲེལ་བྱས་ནས་སྡེ་ཁུལ་གྱི་དྲ་མིག་པའི་ཁོར་ཡུག་སྲུང་སྐྱོང་གི་ངོས་འཛིན་ཟབ་ཏུ་བཏང་བ་དང་དེས“སྒྲོག་འགྲེལ་པའི”ལས་འགན་དེ་བས་ལེགས་པའི་ངང་སྒྲུབ་ཐུབ་པ་བྱས་ཡོད། བྱེད་སྒོ་སྤེལ་རིང་སྡེ་ཁུལ་གྱི་ལས་དོན་པས་བརྙན་ལམ་བལྟས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་འབྱུང་ཚུལ་དང་དེའི་དོན་སྙིང་ཤེས་རྟོགས་བྱས་པ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》དང《སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་བྱ་སྤྱོད་ཀྱི་ཚད་གཞི་ཁག་བཅུ》སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལ་དམིགས་ནས་སློབ་སྦྱོང་བྱས་ཏེ། སྐྱེ་ཁམས་ལ་གནོད་འཚེ་བཟོ་བ་དང་ཁོར་ཡུག་ལ་སྦགས་བཙོག་བཟོས་པའི་གནོད་འཚེ་དང་དེ་བཞིན་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཁ་གསལ་བཟོས་ཡོད་པ་རེད།