ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཀྲི་པུའུ་ལྔ་པས་སྣེ་གདོང་ཆུས་ཁྱུང་དཀར་ལྡིང་སྡེ་ཁུལ་དང་མཉམ་དུ“སྐྱིད་སྣང་དོད་པའི་བྱིས་དུས། ཉེན་དམངས་མཉམ་གཏོད”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཉེན་རྟོག་པའི་སྒར་ས་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ཏེ་ཁྱུང་དཀར་ལྡིང་སྡེ་ཁུལ་གྱི་མཉམ་སྡོད་མཉམ་སྐྲུན་ཚན་པའི་འཐུས་མི་དང་། སྡེ་ཁུལ་གྱི་ལས་དོན་པ། ལྷོ་ཁ་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་བཞི་པའི་དགེ་སློབ་སོགས་དམིགས་བསལ་ཉེན་རྟོག་པའི་སྒར་སར་གདན་དྲངས་ཏེ། དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པའི་ལས་དོན་དང་འཚོ་བར་ཉམས་ལེན་བྱེད་དུ་བཅུག་ཡོད། དེ་ནི་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ལས་དོན་ལ་ཁྲིད་སྟོན་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་དང་ས་ཁོངས་ཅན་གྱི་ཏང་འཛུགས་མཉམ་སྐྲུན་བྱེད་པའི་ཕྱོགས་བསྡུས་ཅན་གྱི་འཛུགས་སྐྱོང་བྱེད་སྟངས་བཏོད་དེ་ཞི་མཐུན་གྱི་ཉེན་དམངས་འབྲེལ་བ་སྔར་ལས་ལྷག་པ་འཛུགས་རྒྱུར་རམ་འདེགས་བྱ་ཆེད་ཡིན་པ་རེད།