《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月03日

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

CCCཡི་ཁས་ལེན་དཔང་འདོན་གྱི་ལག་ཁྱེར་རག་པའི་ཁེ་ལས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

འདི་ནི་ལས་དོན་པས་ཤེལ་སྒོའི་སྤུས་ཚད་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁོངས་གཏོགས་ཀྱི་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་CCCཡི་ཁས་ལེན་དཔང་འདོན་གྱི་ལག་ཁྱེར་རག་པའི་ཁེ་ལས་ལ“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་ཞིབ་བཤེར་བྱས་ནས་བཟོ་སྐྲུན་བདེ་འཇགས་ཤེལ་སྒོ་དང་གློག་སྐུད་སོགས་ཐོན་སྐྱེད་ཁེ་ལས་7ལ་ཞིབ་བཤེར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་བཙན་སྐུལ་རང་བཞིན་གྱི་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་གྱི་ལག་ཁྱེར་རག་པའི་ཁེ་ལས་ཀྱི་ཞིབ་ཕྲའི་གནས་ཚུལ་མཐིལ་རྟོགས་བྱས་ནས་ཁེ་ལས་ཀྱི་བསྡོམས་གྲངས་དང་ཐོན་རྫས་ཀྱི་སྣ་ཁ་གསལ་རྟོགས་བྱས་པ་རེད། 《བཙན་སྐུལ་རང་བཞིན་གྱི་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་གྱི་དོ་དམ་གཏན་འབེབས》གཞིར་བཟུང་ལག་ཁྱེར་རག་མཁན་གྱི་འབྲེལ་ཡོད་གན་རྒྱ་དང་། དངུལ་འཛིན། རྩིས་ཁྲ། ཁས་ལེན་དཔང་འདོན་གྱི་ཡིག་ཚགས་སོགས་ལ་ཞིབ་དཔྱད་བྱས་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་CCCཡི་ཁས་ལེན་དཔང་འདོན་གྱི་ལག་ཁྱེར་རག་པའི་ཁེ་ལས་ཁྱོན་18དང་། ཐོན་རྫས་ཀྱི་རིགས་ཆེ་གྲས་2 CCCཡི་ལག་ཁྱེར་65བཅས་ཡོད། དེའི་ནང་ཨར་སྐྲུན་བདེ་འཇགས་ཤེལ་སྒོའི་ལག་ཁྱེར་62དང་གློག་སྐུད་རིགས་ཀྱི་ལག་ཁྱེར་3ཡོད།