《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月13日

ཞིབ་དཔྱོད་དཔོན་གྱིས་དྲན་སྐུལ་བྱས་དོན།

ཁྲིམས་འཛིན་ལག་ལེན་ཁྲོད་དུ། གཤམ་གྱི་སྣང་ཚུལ་དག་ལ་ཉེན་ཡོད་འཁོར་གཏོང་གི་ཐུན་མོང་ཉེས་གསོག་གི་དོགས་གཞི་ཡོད་སྟེ། ཆང་འཐུང་སྐབས། ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་མཁན་གྱིས་ཁ་ལོ་བས་རླངས་འཁོར་གཏོང་དགོས་པ་ཤེས་བཞིན་དུ་ད་དུང་ཆང་འཐུང་དུ་འཇུག་པ་དང་། ཡང་ན་ཆང་བཏུང་རྗེས་ཁ་ལོ་བ་གཞན་མི་ཚོལ་བའི་བྱེད་སྤྱོད་རིགས་དང་། ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་མཁན་གྱིས་ཁ་ལོ་བས་ཆང་བཏུངས་ཡོད་པ་ཤེས་བཞིན་དུ་ད་དུང་རླངས་འཁོར་གཏོང་དུ་འཇུག་པའམ་ཡང་ན་རླངས་འཁོར་གཏོང་རྒྱུའི་ངན་སྐུལ་བྱེད་པའི་བྱེད་སྤྱོད་རིགས། རླངས་འཁོར་བདག་པོས་རླངས་འཁོར་གཡར་མཁན་ར་བཟི་ཡོད་པ་ཤེས་བཞིན་དུ་ད་དུང་རླངས་འཁོར་གཡར་ནས་གཏོང་དུ་འཇུག་པའི་བྱེད་སྤྱོད་རིགས་བཅས་སོ། །