《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月13日

ཆབ་མདོ་གྲོང་ཁྱེར་གྱི་དམག་དཔུང་དང་ས་གནས་ཀྱིས་མཉམ་ལས་བྱས་ཏེ་རྒྱལ་སྲུང་སློབ་གསོའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ།

ལོ་ཆུང་དར་ན་རྒྱལ་ཁབ་དར། ལོ་ཆུང་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། བྱིས་པའི་རྒྱལ་གཅེས་སྤྲོ་སེམས་འཕེལ་བར་བྱ་ཆེད། ཉེ་ཆར་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་ས་གནས་ཀྱི་བུ་བཅོལ་ཁང་དང་མཉམ་དུ་བུ་བཅོལ་ཁང་གི་བྱིས་པ་སྒྲིག་འཛུགས་ཀྱིས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་དམག་དཔུང་ལོ་རྒྱུས་ཁང་དུ་བསྐྱོད་ནས་རྒྱལ་སྲུང་སློབ་གསོའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། གྲོགས་པོ་ཆུང་ཆུང་ཚོས་ཨ་ཁུ་བཅིངས་འགྲོལ་དམག་དང་མཉམ་དུ་དམག་དཔུང་ལོ་རྒྱུས་ཁང་དུ་འགྲེལ་བཤད་པས་བརྗོད་པའི་ཏང་དང་དམག་དཔུང་གི་ལོ་རྒྱུས་ནན་ཏན་ངང་ཉན་པ་རེད།