※ རི་མཐོ་ན་དབྱར་ཡང་ཁ་བ་བབས།
ཀླུང་དམའ་ན་དགུན་ཡང་ལྗང་པ་སྐྱེ།
※ རི་ཆེན་ལ་དཔག་པའི་ཁ་བ།
རྡོ་ཆུང་ལ་དཔག་པའི་བ་མོ།
※ ཤ་སོག་པ་གཅིག་ལ་ཟ་རེས།
ཆང་དམ་བི་གང་ལ་འཐུང་རེས།
※ ཤ་ཞིམ་པོ་ཨ་ཕོ་སྤྱང་ཀིས་བཟས།
ཁག་ངན་པ་ཨ་ཅེ་ཝ་མོར་དཀྲིས།
※ ཤིང་དྲང་ན་སྤྱོད་སྒོ་མང་།
གཞུང་བཟང་ན་གྲོགས་པོ་མང་།
※ ཡིད་སེམས་དྲང་མོ་མདའ་འདྲ།
སེམས་པ་དཀར་པོ་དུང་འདྲ།