འདི་ག་ཚགས་པར་ཁང་དུ་མངའ་རིས་ནས་གློག་འཕྲིན་འབྱོར་གསལ། མངའ་རིས་ས་ཁུལ་གྱི་དུག་འགོག་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དུག་རིགས་བཟོ་སླ་བའི་རྫས་འགྱུར་དངོས་རྫས་དོ་དམ་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་དུག་འགོག་ཉིང་ལག་རུ་ཁག་གི་འགན་འཁུར་བ་གཙོ་བོས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་སྣེ་ཁྲིད་དེ་རྫོང་བདུན་དུ་བསྐྱོད་ནས་དུག་འགོག་ལས་སྒོའི་ཐད་ལྟ་སྐུལ་མཛུབ་ཁྲིད་བྱས་པ་མ་ཟད། དུག་རིགས་བཟོ་སླ་བའི་རྫས་འགྱུར་དངོས་རྫས་དང་འབྲེལ་ཡོད་ཁེ་ལས་དང་བྱ་གཞག་ཚན་པར་བདེ་འཇགས་རིམ་པའི་དཔྱད་བསྡུར་གཏན་འབེབས་ཀྱང་བྱས་པ་རེད།
ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་གནད་དོན་7ཤེས་རྟོགས་བྱུང་བ་མ་ཟད། འཕྲལ་མར་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་དང་། དུག་རིགས་བཟོ་སླ་བའི་རྫས་འགྱུར་དངོས་རྫས་དང་འབྲེལ་ཡོད་ཁེ་ལས་དང་བྱ་གཞག་ཚན་པ་16ལ་དཔྱད་བསྡུར་གཏན་འབེབས་བྱས་པ་རེད། ལས་སྒོའི་ལྟ་སྐུལ་མཛུབ་ཁྲིད་དང་བདེ་འཇགས་རིམ་པའི་དཔྱད་བསྡུར་གཏན་འབེབས་ཀྱི་ལས་དོན་ལ་བརྟེན་ནས་རྫོང་ཁག་གི་དུག་འགོག་ལས་དོན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས། དུག་རིགས་བཟོ་སླ་བའི་རྫས་འགྱུར་དངོས་རྫས་དང་འབྲེལ་ཡོད་ཁེ་ལས་དང་བྱ་གཞག་ཚན་པའི་འགན་འཁུར་བ་དང་དེ་བཞིན་ལས་དོན་པའི་ཁྲིམས་སྲུང་འདུ་ཤེས་དང་བདེ་འཇགས་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། མངའ་རིས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་སྲུང་སྐྱོང་བྱ་ཆེད་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)