↑ འདི་ནི་བོད་ལྗོངས་ལག་རྩལ་སློབ་གླིང་གི་དགེ་སློབ་ཚོས་མེ་གསོད་ཡོ་བྱད་སྤྱོད་སྟངས་སྦྱོང་བཞིན་པ།
← འདི་ནི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་མེ་ཟོན་བཀོད་འདོམས་པས་བོད་ལྗོངས་ལག་རྩལ་སློབ་གླིང་གི་དགེ་སློབ་ཚོ་བདེ་འཇགས་ངང་ཁ་འགྲེམ་བཞིན་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་བོད་ལྗོངས་ལག་རྩལ་སློབ་གླིང་དང་མཉམ་དུ་མེ་ཟོན་འཕྲལ་སྡོམ་ནང་སྦྱོང་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་བོད་ལྗོངས་ལག་རྩལ་སློབ་གླིང་གི་དགེ་སློབ་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མེ་ཟོན་ལ་ཁ་གཏད་གཅོག་པའི་རང་སྐྱོབ་དང་སྲོག་ཉེན་ལས་ཐར་ཐབས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད་ཡིན་པ་རེད།
ཉེན་བརྡའི་སྒྲ་གྲགས་པ་དང་སྦྲགས་བོད་ལྗོངས་ལག་རྩལ་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་དང་། ཉལ་ཁང་། དཔེ་མཛོད་ཁང་སོགས་ས་ཁོངས་ཀྱི་དགེ་སློབ་ཚོས་མེ་ཟོན་མཛུབ་ཁྲིད་པའི་སྣེ་ཁྲིད་འོག ཨ་ཅོར་བརློན་པས་ཁ་སྣ་བཀག་པ་དང་ལུས་པོ་བསྒུར་ནས་སྔོན་གཏན་འཁེལ་བའི་ཁ་འགྲེམ་ལམ་ཐིག་གཞིར་བཟུང་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་བདེ་འཇཌ་ས་ཁོངས་སུ་བསྐྱོད་པ་རེད།
དགེ་སློབ་ཚོས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཤེས་རྟོཌ་སྔར་བས་གཏིང་ཟབ་བྱ་ཆེད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་མེ་ཟོན་ཤེས་བྱའི་འགྲེམས་པང་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་ས་བཀོད་སྒྲིག་བྱས་ཏེ། མེ་ཟོན་བཀོད་འདོམས་པས་དགེ་སློབ་ཚོར་མེ་སྐྱོན་སྔོན་འགོག་དང་། མེ་སྐྱོན་ཉེན་བརྡ་གཏོང་བ། མེ་ཟོན་ཡོ་བྱད་སྤྱོད་སྟངས། སྲོག་ཉེན་ལས་ཐར་ཐབས་དང་རང་སྐྱོབ་སོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།