《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月06日

མལ་གྲོ་གུང་དཀར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུས་བཅའ་ཁྲིམས་ཤེས་བྱ་དང་བུད་མེད་ཀྱི་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱས་པ།

→ འདི་ནི་བྱེད་སྒོ་སྤེལ་རིང་ལས་དོན་པས་བུད་མེད་མང་ཚོགས་ལ་དྲིལ་བསྒྲགས་དངོས་རྫས་སྤྲོད་བཞིན་པ།

← འདི་ནི་བྱེད་སྒོ་སྤེལ་རིང་མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གི་སྒྲོག་འགྲེལ་པས་མང་ཚོཌ་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་མལ་གྲོ་གུང་དཀར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་རྫོང་མི་དམངས་ཁྲིམས་ཁང་དང་། རྫོང་མི་དམངས་སྨན་ཁང་། རྨམ་པ་ཤང་རི་མདོ་སྒང་གྲོང་ཚོ་ཨུ་ཡོན་ལྷན་ཁང་བཅས་དང་མཉམ་འབྲེལ་བྱས་ཏེ། བཅའ་ཁྲིམས་ཀྱི་ཤེས་བྱ་དང་བུད་མེད་ཀྱི་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད།

བྱེད་སྒོ་སྤེལ་རིང་མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གི་སྒྲོག་འགྲེལ་པས་ཞིང་འབྲོག་མང་ཚོགས་ལ《བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》དང《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་གྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་བྱ་སྒྲོག་འགྲེལ་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་སྲུང་གི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་བ་དང་། རྫོང་མི་དམངས་སྨན་ཁང་གི་སྒྲོག་འགྲེལ་པས་བུད་མེད་མང་ཚོགས་ལ་བུད་མེད་ཀྱི་རྒྱུན་མཐོང་ནད་རིགས་སྔོན་འགོག་དང་བདེ་སྲུང་གི་ཤེས་བྱ་སྒྲོག་འགྲེལ་བྱས་ནས་ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་དང་བདེ་ཐང་གི་ཆུ་ཚད་མཐོ་རུ་བཏང་ཡོད། བྱེད་སྒོ་སྤེལ་རིང་བཅའ་ཁྲིམས་དང་ཁྲིམས་སྲོལ་སྣ་ཚོགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་500ལྷག་ཙམ་སྤྲད་པ་མ་ཟད། ད་དུང་ལྟེབ་ཁུག་དང་། ལྟེབ་གྲི པང་རས་ལ་སོགས་པའི་དྲིལ་བསྒྲགས་དངོས་རྫས་300ལྷག་ཙམ་སྤྲད་པ་རེད།

བྱེད་སྒོ་སྤེལ་བ་ལས་མང་ཚོགས་ཚོགས་པའི་རྩ་འཛུགས་དེ་ཉིད་འཚོ་བ་དང་། གཞི་རིམ། མང་ཚོགས་བཅས་ལ་དེ་བས་ཉེ་བར་བཅར་བ་མ་ཟད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ནས་མང་ཚོགས་ཕྱུག་འགྱུར་བྱུང་སྟེ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ་ཡོད།