《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月06日

བློ་འདྲིའི་ལས་སྟེགས་བཙུགས། ཁྲིམས་ལུགས་ཁྱབ་གདལ་བཏང་།

ཉེ་ཆར། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་མི་དམངས་ཁྲིམས་ཁང་མཚོ་སྦྲེལ་མ་ཁྲིམས་རར་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་མཚོ་སྦྲེལ་མ་གྲོང་རྡལ་གྱི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྐབས་གསུམ་པ་གཉེར་ཞིང་། མཚོ་སྦྲེལ་མ་གྲོང་རྡལ་གྱི“ཁྲིམས་ར་གཅིག་དང་ཁང་གཉིས”ཀྱི་ལས་བྱེད་ཉེན་རྟོག་པ་དང་མི་དམངས་ཉེན་རྟོག་པས་བྱེད་སྒོ་དང་ཁྲིམས་སྐྱོང་ཤེས་བྱ་དྲིལ་བསྒྲགས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་སྟེགས་དང་བློ་འདྲིའི་ལས་སྟེགས་བཙུགས་པ་དང་། འབྲོག་པར་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་ཏེ། རྩ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། ཁེ་དབང་སྲུང་སྐྱོང་སོགས་ཀྱི་དྲིལ་བསྒྲགས་ལག་དེབ་ཚུད་པའི་ཁྲིམས་སྐྱོང་གི“ལག་རྟགས་ཆེན་པོ”སྤྲད་པར་བརྟེན། ད་ཐེངས་ཀྱི་བྱེད་སྒོར་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་སློབ་གསོ་མི་སེམས་ཀྱི་ཞིང་སར་གཏིང་ཟབ་ཟུག་པ་རེད། འདི་ནི་བྱེད་སྒོ་སྤེལ་རིང་། ཁྲིམས་རའི་ཉེན་རྟོག་པས(གཡོན་གྱི་དང་པོ)མང་ཚོགས་ལ་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།