《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月23日

སྤོ་བོ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་ཕྱིར་སྐྱོད་སྦྱོང་བརྡར་དང་ལྗིད་ཐེག་རི་འཛེག་སྦྱོང་བརྡར་བྱས་པ།

པར①ནི་མེ་ཟོན་རུ་མིས་མཚན་མོར་ས་བཀྲ་ལྟར་བསྐྱོད་པའི་སྦྱོང་བརྡར་བྱེད་བཞིན་པ།

པར②ནི་མེ་ཟོན་རུ་མིས་ལྗིད་ཐེག་རི་འཛེག་སྦྱོང་བརྡར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་སྤོ་བོ་རྫོང་ནས་གློག་འཕྲིན་འབྱོར་གསལ། མེ་ཟོན་པའི་ཟུངས་ནུས་ལ་སྔར་བས་ཞིབ་བཤེར་བྱེད་པ་དང་ཕྱི་རོལ་དུ་ལྗིད་ཐེག་དཔུང་བསྐྱོད་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་སྤྱི་ལེ་20ཡི་ཕྱིར་སྐྱོད་སྦྱོང་བརྡར་དང་དེ་བཞིན་ལྗིད་ཐེག་རི་འཛེག་སྦྱོང་བརྡར་སྒྲིག་འཛུགས་བྱས་པ་རེད།

བྱེད་སྒོའི་ཁྲོད་རུ་འབྲིང་གིས་ཟུངས་ནུས་ཆེ་རུ་གཏོང་བ་དང་། བསམ་བློར་ཞུན་བརྡར། འཐབ་འཛིང་གི་སྤྱོད་ཚུལ་སྦྱོང་བརྡར་བྱེད་པ་བཅས་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་བླང་བྱ་ནན་པོ་བཏོན་པ་དང་སྦྱོང་བརྡར་ནན་པོ་བྱས་ཏེ་རུ་མི་མི་རེ་ངོ་རེས་ལྗིད་ཚད་སྤྱི་རྒྱ་10ཡོད་པའི་རྡོག་ཁྲེས་ཁུར་ནས་རྐང་ཐང་དུ་བསྐྱོད་པ་དང་། མགྱོགས་མྱུར་དམག་སྐྱོད། ས་བཀྲ་གཞིར་བཟུང་་བསྐྱོད་པ་སོགས་སྦྱོང་བརྡར་བྱས་ཡོད། མདུན་སྐྱོད་བྱེད་པའི་ལམ་བར་དུ་སྐད་གསང་ཐོན་པོས་གསར་བརྗེའི་གླུ་གཞས་བླངས་ནས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་བཏང་བ་རེད།