《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月23日

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་མེ་ཟོན་བདེ་འཇགས་ཤེས་བྱའི་གསོ་སྦྱོང་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “བདེ་འཇགས་ཐོན་སྐྱེད་ཟླ་བའི”རིམ་སྤེལ་བྱེད་སྒོའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རྒྱ་ཆེའི་ལས་བྱེད་ལས་བཟོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་མེ་འགོག་རྒུད་སྐྱོབ་དང་སྲོག་ཉེན་ལས་ཐར་བའི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་བོད་ལྗོངས་ཧྲེན་ཧུའེ་མེ་ཟོན་ལྟ་ཞིབ་ཚད་ལེན་ཚད་ཡོད་ཀུང་སིའི་རྩལ་ཁྲིད་དམག་དཔོན་གྱིས་མེ་ཟོན་བདེ་འཇགས་སྐོར་གྱི་ཤེས་བྱ་གསོ་སྦྱོང་བྱས་པ་རེད།

གསོ་སྦྱོང་བྱས་པ་བརྒྱུད། ལས་ཁུངས་ཀྱི་ལས་བྱེད་ལས་བཟོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས། དུས་བདེའི་ལས་ཁུངས་འཛུགས་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལས་བྱེད་ལས་བཟོའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པར་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད་པ་རེད།