《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月23日

ལྗོངས་ཡོངས་ཀྱི་ཉེན་འབྲེལ་གྱི་སྤྱི་པའི་ཁུལ་ཁོངས་ཀྱི་བདེ་འཇགས་འགོག་སྲུང་གི་མཉམ་འབྲེལ་བརྙན་ལམ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཡོངས་ཀྱི་ཉེན་འབྲེལ་གྱི་སྤྱི་པའི་ཁུལ་ཁོངས་ཀྱི་བདེ་འཇགས་འགོག་སྲུང་གི་མཉམ་འབྲེལ་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ། བྱ་ཐབས་སྣ་ཚོགས་མཉམ་དུ་སྤྱད་ནས་ཉེན་འབྲེལ་གྱི་སྤྱི་པའི་ཁུལ་ཁོངས་ཀྱི་བདེ་འཇགས་འགོག་སྲུང་གི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་གསེད་བཀྲོལ་བྱེད་དགོས། རོགས་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་སྡེ་ཚན་ཕན་ཚུན་འབྲེལ་གཏུགས་དང་གོང་ནས་འོག་ལ་མཛུབ་ཁྲིད་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་འབྲེལ་མཐུད་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས། སྐུལ་འདེད་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ཇུས་བཏིང་སྟེ་བྱ་ཐབས་ཞིབ་ཕྲ་ཞིབ་འཇུག་བྱས་ནས་ཉེན་འབྲེལ་གྱི་འགོག་སྲུང་ལས་དོན་གྱི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།