《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月23日

ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས་བཙོན་ཁང་ཁོངས་གཏོགས་ཀྱི་ཁྲིམས་ཆད་ལག་བསྟར་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་ཅུས་ཀྱིས་གཙོ་གཉེར་བྱས་པའི“མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། བཙོན་ཁང་ཁོངས་གཏོགས”ཀྱི་ཁྲིམས་ཆད་ལག་བསྟར་ལས་དོན་གྱི་གསོ་སྦྱོང་དེ་རྒྱལ་ཁབ་ཞིབ་དཔྱོད་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་ཁང(ཉིང་ཁྲི)དུ་སློབ་འགོ་ཚུགས་པ་རེད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། བཙོན་ཁང་བཅས་ཁོངས་གཏོགས་ཀྱི་ལས་སྒོའི་རྐང་འཛིན་པ་81གསོ་སྦྱོང་ནང་ཞུགས་པ་རེད།

སློབ་འགོ་ཚུགས་པའི་མཛད་སྒོར་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། བཙོན་ཁང་བཅས་ཀྱི་གསོ་སྦྱོང་འཛིན་གྲྭ་སྒྲིག་འཛུགས་བྱེད་པའི་དམིགས་ཡུལ་ནི་ཁྲིམས་སྒྱུར་དང་ཁྲིམས་འཛིན་གྱི་འདུ་ཤེས་དང་གྱོད་སྒྲུབ་ཚད་གཞི་སྔར་བས་གཅིག་གྱུར་ཡོང་བ་དང་། སྲིད་ཁྲིམས་ཚན་པའི་དབར་གྱི་ནུས་ཆེ་མཉམ་ལས་ཟབ་ཏུ་གཏོང་བ། ཁྲིམས་སྒྱུར་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་སྤུས་འབྲས་ཆེ་རུ་གཏོང་བ། ཁྲིམས་སྒྱུར་གྱོད་སྒྲུབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་། ཁྲིམས་སྒྲིག་གཉིས་མཐུད། ཁྲིམས་རིགས་དམ་སྦྲེལ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་རྒྱུ་དང་། ཁྲིམས་སྐྱོང་ཀྲུང་གོ་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།

སློབ་འགོ་ཚུགས་པའི་མཛད་སྒོར་ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་གཏོང་རྒྱུ་དང་ལྷག་བསམ་རྣམ་དག་གི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་གསོ་སྦྱོང་གི“སློབ་ཚན་དང་པོར”བརྩི་དགོས་པ་དང་། འགན་འཁྲི་སྒྲུབ་པའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་བ་དང་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་སློབ་ཁང་གཅིག་པའི་གསོ་སྦྱོང་གི“ངེས་སྦྱོང་སློབ་ཚན”ལ་བརྩི་དགོས། ཆབ་སྲིད་སྒྲིག་ཁྲིམས་སྔར་བས་ནན་སྲུང་དང་གཞུང་དྲང་སྤྱོད་གཙང་ནམ་ཡང་མི་ཉམས་པ་བྱེད་རྒྱུ་དེ་གསོ་སྦྱོང་གི“ཀུན་ཤེས་སློབ་ཚན”ལ་བརྩི་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་པོར་དམིགས་ཏེ་ཁྲིམས་འཛིན་ཐེ་ཇུས་འགོག་པའི“གཏན་འབེབས་གསུམ”དང་དུས་རབས་གསར་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི“བྱེད་མི་རུང་བ་བཅུ”ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། སྒྲིག་བཀུར་ཁྲིམས་སྲུང་སེམས་སུ་ཟུག་པ། རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ་ནན་པོའི་ངང་ཚད་ལྡན་དུ་གཏོང་བ། རུལ་འགོག་འགྱུར་ཟོན་གྱི་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་པ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པའི་སྲུང་དམག་བཅས་བྱས་ནས། ཁྲིམས་ཆད་ལག་བསྟར་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁྲིམས་སྐྱོང་ལག་བསྟར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།