《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月16日

རང་སྐྱོང་ལྗོངས་ཀྱི་རྒྱུན་རྣམ་ཅན་ནག་སེལ་གཤེད་བཅོམ་འཐབ་རྩོད་ཀྱི་ཆེད་དོན་ཚོགས་ཆུང་གི་2024ལོའི་སྐུལ་སྤེལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་ཀྱི་ཆེད་དོན་ཚོགས་ཆུང་གི་2024ལོའི་སྐུལ་སྤེལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་ཀྱི་ཆེད་དོན་ཚོགས་ཆུང་གིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། དྲག་རྡུང་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་ཐོག་མཐའ་བར་གསུམ་དུ་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་2024ལོའི་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོའི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ཏེ། 《སྒྲིག་འཛུགས་ལྡན་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དྲིལ་བསྒྲགས་དང་ལག་བསྟར་གྱི་ཚ་རླབས་འཕྱུར་བར་བྱས་ཤིང་། གནད་དོན་གྱི་གསལ་ཐོ་དག་ཐེར་ལ་དམ་འཛིན་གྱིས་ཁུངས་སྣེ་གྲལ་བཤེར་དང་ཞིབ་དཔྱད་ལ་སྐུལ་སྤེལ་ནུས་ལྡན་གཏོང་བ་དང་། རྗེས་ལུས་རྫོང་དང་ཆུས་ཀྱི་དག་ཐེར་ནུས་པ་ཆེ་རུ་གཏོང་བ། གནད་དོན་མངོན་གསལ་དོད་པའི་གཙོ་གནད་ལས་རིགས་ཁྱབ་ཁོངས་ལ་གཅིག་སྡུད་བཅོས་སྒྲིག་བཅས་བྱས་ཏེ། ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)